དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་ཀྱིས་སྒོར་དུང་ཕྱུར་132.5བཀོད་སྒྲིག་བྱས་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-22

    གསར་འགོད་པར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མང་ཚོགས་འཁྲིས་ཀྱི་བྱ་བ་ཆུང་ངུ་དག་ཏང་ཨུད་དང་སྲིད་གཞུང་གི་བྱ་བ་ཆེན་པོར་བརྩིས་ཐོག“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ་བྱས་ནས་དམངས་འཚོའི་བྱ་བ་དངོས་21ཏན་ཏིག་བསྒྲུབས་པ་རེད། མིག་སྔའི་བར་དུ། རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་132.5བཀོད་སྒྲིག་བྱས་ནས་དམངས་འཚོའི་བྱ་བ་དངོས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དམངས་འཚོའི་བྱ་བ་དངོས་21ནང་དམངས་འཚོའི་ཁ་གསབ་13ཡོད། མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་དང་མཐའ་མཚམས་སྲུང་སྐྱོང་བའི་ཁ་གསབ་ཀྱི་སྲིད་ཇུས་2འཐུས་སྒོ་ཚང་དུ་བཏང་བ་དང་། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གཙོ་གནད་རྫོང་ལ་རྒྱ་སྐྱེད་བྱེད་པ་དང་། ས་བབ་མཐོ་ཚད་སྨི་3500ཡན་གྱི་མཐའ་མཚམས་རྫོང་དང་ཤང་དང་གྲོང་རྡལ་དུ་གསོ་རླུང་མཁོ་འདོན་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ། ས་མཐོའི་ནུས་མང་གཡོས་སྦྱོར་ཐབ་ཆས་ཁྱབ་གདལ་གཏོང་བ་སོགས་བྱ་བ་དངོས་6ལ་རྒྱབ་སྐྱོར་བྱས་ཤིང་། དེ་དག་ཚད་འདེགས་དང་། རོགས་སྐྱོར། འཛུགས་སྐྲུན་བཅས་རིགས་གསུམ་དུ་དབྱེ་ཡོད་པ་དང་། མིག་སྔར་སྤྱིའི་ཆ་ནས་འཕེལ་རིམ་ཡག་པོ་བྱུང་སྟེ་རྣམ་གྲངས་17ལེགས་སྒྲུབ་དང་རྣམ་གྲངས་བཞིར་དུས་རིམ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    ཚད་འདེགས་ཐད། རང་ལྗོངས་ཀྱིས་སྲིད་གཞུང་གིས་འཚོ་བ་སྐྱོ་ཙམ་སྐྱེལ་བ་དང་མང་ཚོགས་ཀྱིས་འཚོ་བ་ཡག་པོ་སྐྱེལ་རྒྱུ་མཐའ་འཁྱོངས་བྱས་ནས“འགན་ལེན་གསུམ”དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁ་གསབ་ཚད་གཞི། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཚད་གཞི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་གྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་ཐོབ་ཐང་གཞན་དག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་སོགས་ཁ་གསབ་ཚད་གཞི་15མཐོ་རུ་བཏང་བའི་ནང་། སློབ་མ་ཁྲི་71.37ཡི་ཚད་གཞི་ཆ་སྙོམས་མི་རེར་སྒོར་90མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁ་གསབ་ཚད་གཞི་ཆ་སྙོམས་མི་རེར་སྒོར་30མཐོ་རུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞིའི་ཐད་གྲོང་ཁྱེར་གྱི་ཡུལ་མིའི་ཚད་གཞི་ཆ་སྙོམས་མི་རེར་སྒོར་240མཐོ་རུ་བཏང་བ་དང་གྲོང་གསེབ་ཀྱི་ཡུལ་མིའི་ཚད་གཞི་ཆ་སྙོམས་མི་རེར་སྒོར་180མཐོ་རུ་བཏང་ཡོད། གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་གྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་མི་རེར་ཆ་སྙོམས་སྒོར་317མཐོ་རུ་བཏང་བ་དང་གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་མི་རེར་ཆ་སྙོམས་སྒོར་270མཐོ་རུ་བཏང་བ། ན་སྨིན་རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཚད་གཞི་ཆ་སྙོམས་མི་རེར་སྒོར་500མཐོ་རུ་བཏང་བ་རེད།

    རོགས་སྐྱོར་ཐད། རང་ལྗོངས་ཀྱིས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གཙོ་གནད་རྫོང་དུ་རྒྱ་སྐྱེད་གཏོང་བར་མུ་མཐུད་རྒྱབ་སྐྱོར་གྱིས“1+7+13”གྱི་རོགས་སྐྱོར་རྣམ་པ་ཆགས་པར་བྱས་ནས། རྫོང་རིམ་པའི་མི་དམངས་སྨན་ཁང་13ལ་ཆེད་དོན་ཁ་གསབ་རོགས་དངུལ་སྒོར་ཁྲི་200སྤྲད་པ་དང་མཐའ་མཚམས་རྫོང་ལ་སླར་ཡང་སྒོར་ཁྲི་100གཟིགས་སྐྱོང་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.4བཀོད་སྒྲིག་བྱས་ནས་ས་མཐོའི་ནུས་མང་གཡོས་སྦྱོར་ཐབ་ཆས་དང་ཧུའུ་ཁྱབ་གདལ་ལ་རྒྱབ་སྐྱོར་བྱས་པ་རེད།

    འཛུགས་སྐྲུན་ཐད། རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་6བཀོད་སྒྲིག་བྱས་ནས་ས་བབ་མཐོ་ཚད་སྨི་3500ཡན་གྱི་མཐའ་མཚམས་རྫོང་གྲོང་དང་ཤང་གྲོང་རྡལ་ལ་གསོ་རླུང་མཁོ་འདོན་སྒྲིག་བཀོད་བསྒར་རྒྱུར་རྒྱབ་སྐྱོར་བྱས་པ་དང་། གཞི་རིམ་ལ་དྲོད་མཁོ་འདོན་འཁོར་རྒྱུག་མ་དངུལ་སྒོར་དུང་ཕྱུར་4.49བཏང་ནས་གྲོང་ཁྱེར་དང་རྫོང་གི་དྲོད་མཁོ་འདོན་ལས་གྲྭ་ལག་བསྟར་ཐུབ་པའི་འགན་ལེན་བྱས་ཡོད། རྫོང་17གྱི་སྨན་བཅོས་སྒྲིག་གཞི་ཁྱོན་39ལ་དྲོད་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་1.89བཀོད་སྒྲིག་བྱས་ཡོད། 2022ལོའི་ཚོད་ལྟའི་རྨང་གཞིའི་ཐོག མ་དངུལ་བཀོད་སྒྲིག་བྱས་ནས་ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ས་ཁྲི་དྲོན་མོ་ཁྱབ་གདལ་བཏང་ཡོད། ཟླ་དྲུག་པའི་ཟླ་མཇུག་བར། དུད་ཚང་681ལ་ས་ཁྲི་དྲོན་མོའི་དྲོད་མཁོ་འདོན་སྒྲིག་བཀོད་བསྒར་ནས་སྤྱིའི་ལས་འགན་དུད་ཚང་803གྱི་85%ལེགས་གྲུབ་བྱུང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།