ཨུ་རུ་སུས་རི་པིན་གྱི་ནང་འདྲེན་མཚོ་ཟས་གནས་སྐབས་བཀག་སྡོམ་བྱེད་པའི་ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲོག་ཆགས་དང་རྩི་ཤིང་འཕྲོད་བསྟེན་ལྟ་སྐུལ་ཅུས་ཀྱིས་གསལ་བསྒྲགས་སྤེལ་ཏེ། དེ་ཉིན་ནས་བཟུང་ཨུ་རུ་སུས་རི་པིན་གྱི་ནང་འདྲེན་ཉ་རིགས་དང་མཚོ་ཟས་གཞན་གནས་སྐབས་བཀག་སྡོམ་བྱེད་ཀྱི་ཡིན་ཞེས་འཁོད་ཡོད།
གསལ་བསྒྲགས་དུ་འཁོད་དོན། སྔོན་འགོག་རང་བཞིན་གྱི་བྱེད་ཐབས་ཤིག་གི་ངོས་ནས། 2023ལོའི་ཟླ་10ཚེས་16ཉིན་ནས་བཟུང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲོག་ཆགས་དང་རྩི་ཤིང་འཕྲོད་བསྟེན་ལྟ་སྐུལ་ཅུས་ཀྱིས་རི་པིན་གྱི་ནང་འདྲེན་ཉ་རིགས་དང་མཚོ་ཟས་ལ་གནས་སྐབས་ཀྱི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་ཀྱི་ཡོད་པ་རེད།
གསལ་བསྒྲགས་དུ་ནན་བཤད་བྱས་དོན། ཆུ་ཐོན་ཟས་རིགས་ཀྱི་བདེ་འཇགས་རང་བཞིན་གཏན་འཁེལ་ཐུབ་པའི“དགོས་ངེས་ཀྱི་ཆ་འཕྲིན་ཞིབ་ཕྲ”ཤེས་རྟོགས་ཐུབ་པ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲོག་ཆགས་དང་རྩི་ཤིང་འཕྲོད་བསྟེན་ལྟ་སྐུལ་ཅུས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་འབྲེལ་ཡོད་བླང་བྱ་དང་མཐུན་མིན་ལ་བརྡར་ཤ་མ་བཅད་གོང་ཨུ་རུ་སུས་གོང་གསལ་གྱི་བཀག་སྡོམ་ལག་བསྟར་བྱེད་ཀྱི་ཡོད་པ་རེད།