ཕྱི་སྦྱོང་སློབ་མས་ཀྲུང་ལུགས་གསོ་རིག་གི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ།
ཉེ་དུས་ཆིང་ཏའོ་མཚོ་ངོགས་ནུབ་མའི་ཁུལ་གསར་གྱི་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་རྒྱལ་སྤྱིའི་སློབ་མའི་ཀྲུང་ལུགས་གསོ་རིག་གི་རིག་གནས་ཉམས་ལེན་རྟེན་གཞིར་བརྟེན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཕྱི་སྦྱོང་སློབ་མ་གདན་དྲངས་ཏེ་གསེར་ཁབ་དང་། ཟངས་ཕོར། འཕུར་མཉེད། མེ་བཙའ་སོགས་ཀྲུང་ལུགས་གསོ་རིག་གི་སྲོལ་རྒྱུན་གསོ་ཐབས་ཉམས་ལེན་བྱས་པ་དང་ཀྲུང་ལུགས་གསོ་རིག་གི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་ཚོར་བྱས་པ་རེད།
འདི་ནི་ཆིང་ཏའོ་མཚོ་ངོགས་ནུབ་མའི་ཁུལ་གསར་གྱི་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་ཧྲན་ཏུང་ཚན་རྩལ་སློབ་ཆེན་རྒྱལ་སྤྱིའི་སྤེལ་རེས་སློབ་གླིང་གི་དབྱི་རན་གྱི་ཕྱི་སྦྱོང་སློབ་མ་ཧ་པི་ཏིས(གཡོན་གྱི་དང་པོ)ཀྲུང་ལུགས་སྨན་རྫས་རྒྱ་མ་འགྱོག་བཞིན་པ།