དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-21

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བརྒྱད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། འཕྲལ་མར་སྦྲེལ་མཐུད་དང་འཕྲལ་མར་བཅའ་སྡོད་བྱས་པ་དང་། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་གྲོང་ཁྱེར(ས་ཁུལ)དང་ཚན་པའི་ཁྱད་ཆོས་ལ་གཞིགས་ཏེ་རིགས་དབྱེ་ཇུས་བསྟར་བྱེད་པ་དང་། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་དུ་གཏོང་བ། ཕན་འབྲས་དངོས་ལ་སྣང་ཆེན་བཅས་མཐའ་འཁྱོངས་ཀྱིས། ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། དཔྱད་ཡིག་ལྟ་ཀློག སྐབས་བསྟུན་འཐེན་བཤེར་སོགས་ཀྱི་བྱེད་སྟངས་སྤྱད་ནས་ཁག་གཉིས་པའི་སློབ་ཞུགས་ཚན་པར་ལྟ་སྐུལ་ནན་པོ་དང་མཛུབ་ཁྲིད་ཏན་ཏིག་བྱས་ཏེ། ལས་ཀའི་ཕན་འབྲས་དངོས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཚ་རླབས་འཕྱུར་བ་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་ཡོད།

    སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ཐོག་མཐའ་བར་གསུམ་དུ་རང་ངོས་འཛུགས་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་ནན་ཏན་བྱས་ནས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཀའི་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་བ་དང་། ཚོགས་པའི་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚོགས་ཆུང་ནང་ཁུལ་གྱི་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས། ལྟ་སྐུལ་མཛུབ་ཁྲིད་ཀྱི་གཟུགས་བརྙན་བཟང་པོ་བཏོད་པ། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་པོས“བརྒྱུད་རོགས་ཁྲིད”གསུམ་ལ་སྣང་ཆེན་བྱས་ནས་ཁག་དང་པོའི“བློ་མཐུན་རྒན་གྲས”དང་ཁག་གཉིས་པའི“འཐབ་གྲོགས་གསར་པ”ཆ་སྒྲིག་རོགས་སྐྱོར་བྱ་རྒྱུའི་སྒྲིག་འཛུགས་བྱས་ཏེ། ལས་ཀར་མགྱོགས་མྱུར་ཞུགས་ཐུབ་པར་བྱས་ཡོད།

    ལྟ་སྐུལ་མཛུབ་ཁྲིད་ནུས་ལྡན་ཡོང་བར་འགན་ལེན་བྱ་ཆེད། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་ཧུར་ཐག་ཞུགས་ནས། དུས་ཐོག་ཏུ་དགོངས་དོན་བརྒྱུད་བསྒྲགས་དང་། འགན་འཁྲི་བརྒྱུད་སྤྲོད། གནོན་ཤུགས་བརྒྱུད་སྤྲོད་བཅས་བྱས་ནས། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པའི་ཏང་ཨུད(ཏང་ཙུའུ)ཀྱིས་རིམ་པ་བཞིན་སྐུལ་སློང་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ། དཔེ་ཀློག་འཛིན་གྲྭ་གཉེར་བ་སོགས་ཀྱི་ལས་དོན་སྤེལ་ཏེ། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི“འགོ་གཙོ་དང་པོ”མདུན་དུ་བསྐྱོད་ནས་བཀོད་འདོམས་དང་སྣེ་ཁྲིད་ནས་སློབ་སྦྱོང་ལ་ཞུགས་རྒྱུར་ལྟ་སྐུལ་བྱེད་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་བཏོན་ནས་འགན་འཁྲི་འཁུར་མཁན་ཨང་དང་པོའི་འགན་འཁྲི་འཁུར་ཡོད། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པས་ཉིན་རེའི་མཉམ་འབྲེལ་འཆར་ཅན་ཚོགས་འདུའི་ལམ་ལུགས་བཙུགས་ནས། ཆབ་མདོ་གྲོང་ཁྱེར་གྱིས་ས་ཁུལ་དེ་གར་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བྱེད་པོའི་འགན་འཁྲི་དང་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་འགན་འཁུར་བ་དང་པོའི་འགན་འཁྲི་ཏན་ཏིག་འཁུར་དུ་བཅུག་པ། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དྲུག་པས་ནག་ཆུ་གྲོང་ཁྱེར་ལ་གྲོང་ཨུད་ཀྱིས་སྣེ་ཁྲིད་པ་དང་གཞི་རིམ་གྱིས་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས། སྣ་མང་གཞི་གཅིག་དང་གོང་འོག་མཉམ་འགུལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོར་ཐུན་མོང་ཐོག་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་མཛུབ་ཁྲིད་བྱས་ཡོད།

    དེ་དང་ཆབས་ཅིག སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ལས་ཀ་བྱེད་སྟངས་ལེགས་སུ་བཏང་ནས་ལྟ་སྐུལ་མཛུབ་ཁྲིད་ནུས་ལྡན་ཡོང་བར་འགན་ལེན་བྱས་ཡོད། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཚན་པས་གཏན་འབེབས་བྱས་པའི་ལག་བསྟར་ཇུས་གཞི་དང་། སློབ་སྦྱོང་གི་འཆར་གཞི། བརྟག་ཞིབ་ཇུས་གཞི་སོགས་ཀྱི་ལས་ཀའི་དཔྱད་གཞིར་དམ་འཛིན་ནན་པོ་དང་སྔོན་འདྲི་བྱས་ཏེ། ལྷག་པའི་གནད་དོན་བཏོན་པ་མ་ཟད། ཐབས་ཇུས་ལ་ཞིབ་འཇུག་བྱེད་རོགས་ཀྱང་བྱས་ནས་མཉམ་དུ་གནད་དོན་ཐག་གཅོད་བྱས་ཡོད། རིམ་པ་མི་འདྲ་བ་དང་། ཁྱབ་ཁོངས་མི་འདྲ་བ། ཁ་གཏད་མི་འདྲ་བ་བཅས་ལ་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཇུས་གཞི་དངོས་སུ་གཏན་འབེབས་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོར་བཀོད་སྒྲིག་བྱེད་པ་དང་། དཔེ་ཀློག་འཛིན་གྲྭ་གཉེར་བ། ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་སོགས་ཀྱི་གནས་ཚུལ་འགུལ་རྣམ་ལེགས་སྒྲིག་དང་ཁོང་དུ་ཆུད་པར་བྱས་ཏེ་སེམས་ནང་གདེང་ཚོད་ཡོད་པར་བྱས་ཡོད། “མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་སྤྱད་དེ་གཞི་རིམ་དུ་བརྟག་ཞིབ་གཏིང་ཟབ་བྱས་ནས། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ལས་ཁུངས་ཀྱི་གཞི་རྩའི་གནས་ཚུལ་དང་ཁྱད་ཆོས་ཕྱོགས་ཡོངས་དང་གནད་འཁེལ་ངང་ཁོང་དུ་ཆུད་གང་ཐུབ་བྱས་ཏེ་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཕན་འབྲས་ལ་འགན་ལེན་ཏན་ཏིག་བྱས་ཡོད། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཞི་པ་ཉིང་ཁྲི་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)4དང་སྡེ་ཁུལ་3གྱི་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་བསྐྱོད་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས་ནས། སེམས་ནང་གཏིང་ཟབ་ཟུག་པ་དང་རྒྱུན་དུ་ནས་སློབ་སྦྱོང་བྱ་རྒྱུར་ལྟ་སྐུལ་བྱས་ཡོད། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དྲུག་པས་དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ནག་ཆུ་གྲོང་ཁྱེར་གྱི་དམངས་འཚོའི་སྡེ་ཚན་གྱི་གནས་ཚུལ་ལ་བརྒྱུད་རིམ་ལྡན་པའི་ངང་བརྟག་ཞིབ་བྱས་ནས། ནག་ཆུ་གྲོང་ཁྱེར་གྱིས་དམངས་ཕན་དངོས་སྒྲུབ་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མཛུབ་ཁྲིད་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

    ཕྱི་ཚུལ་རིང་ལུགས་སྔོན་འགོག་བྱས་ནས་ཁ་ཕྱོགས་མི་འཁྱོག་པའི་འགན་ལེན་བྱ་ཆེད། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་བཅའ་སྡོད་བྱས་ཚུན་ཕྱི་ཚུལ་རིང་ལུགས་ནན་འགོག་བྱ་རྒྱུ་དེ་གཙོ་གནད་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཆབ་སྲིད་ཀྱི་འགག་སྒོ་དང་སྲིད་ཇུས་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་ཚན་པས་གནད་དོན་ཐག་གཅོད་དང་ལས་དོན་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུར་ལྟ་སྐུལ་བཅས་བྱས་ནས། གྲངས་གཞི་བསྡོམས་རྩིས་གནད་ལ་འཁེལ་བ་དང་ལས་ཀའི་དཔྱད་གཞིའི་ཡིག་རིགས་དོན་དངོས་དང་མཐུན་པར་བྱས་པ། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ད་དུང་གླེང་མོལ་དྲན་སྐུལ་གྱི་ལམ་སྲོལ་བཙུགས་ནས་ཡོ་ཁྱད་དུས་ཐོག་ཏུ་ཡོ་བསྲང་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་བཟོ་ལྟ་མི་འགྱུར་བའི་འགན་ལེན་བྱས་པ་རེད། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གསུམ་པས་བརྗོད་དོན་གཙོ་བོའི་སློབ་གསོ་དྲིལ་བསྒྲགས་ཀྱི་ནང་དོན་མི་མཐུན་རྫུན་སྒྲིག་བྱེད་མི་ཆོག་ལ། རོལ་རྩེད་ཅན་དང་ཐ་ཤལ་ཅན་དུ་མ་འགྱུར་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བརྒྱད་པས་བཅར་འདྲི་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་ཆེད་མངགས་ལས་རིགས་ཁག་གི་ཏང་ཨུད་ལ་ཕྱི་ཚུལ་རིང་ལུགས་གཏན་འགོག་དང་། ཏང་ལ་ཟུར་ཟ་དང་མི་འདོད་པའི་རྣམ་འགྱུར་འཛིན་པ་དང་ཏང་གི་དད་སེམས་དང་ཆབ་སྲིད་འདོད་ཚུལ་སྟབས་བདེ་ཅན་དང་ཐ་ཤལ་ཅན་དུ་མ་འགྱུར་ནན་འགོག་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།