དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མཐུན་སྒྲིལ་ལ་སྣང་ཆེན་བྱས་ནས་མཐུན་སྒྲིལ་གྱི་ལེའུ་གསར་པ་རྩོམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-20

    འདི་ནི། ཉེ་དུས། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་གཉེར་འགན་འཁུར་བའི“མི་རིགས་མཐུན་སྒྲིལ། སེ་འབྲུའི་རྡོག་ལྟར་གཅིག་ཏུ་སྒྲིལ”ཞེས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་དངོས་ཀྱི་སྒར་སའི་བྱེད་སྒོ་སྐབས་དྲུག་པ་ལྷ་སར་སྤེལ་འགོ་ཚུགས་པ་དང་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ནས་ཡོང་བའི་མི་རིགས་མི་འདྲ་བའི་གཞོན་ནུ་ལོ་ཆུང་70ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    འདི་ནི། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཆབ་སྲིད་ཁྲུའུ་ཡི་ལས་དོན་མི་སྣ་ཚེ་གཡང(གཡོན) གིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་བོད་ལྗོངས་མཉམ་དུ་སྐྲུན”ཞེས་པའི་འགྲེམས་པང་མདུན་དུ་མང་ཚོགས་ལ་དེའི་སྐོར་གྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    འདི་ནི། གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས“བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན། བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཁྲོམ་གཞུང་དང་། སྡེ་ཁུལ། ཚོང་ཁང་བཅས་སུ་བསྐྱོད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྔོན་ཐོན་མི་སྣ་དང་དཔེ་མཚོན་བྱས་རྗེས་སྒྲོག་འགྲེལ་བྱས་ཤིང་། འདི་ནི་སྒྲོག་འགྲེལ་བྱ་ཡུལ་ཡིན་པ།

    འདི་ནི། ཨ་མདོ་རྫོང་མི་དམངས་དྲག་ཆས་པུའུ་ཡི་པུའུ་ཀྲང་ཀྲང་ཞུའེ་ཀུང(དཀྱིལ)གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་བཞིན་པ།

    འདི་ནི། ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི”རིག་རྩལ་སྐོང་འཁྲབ་ཀྱི་བྱེད་སྒོ་སྤེལ་བཞིན་པ།

    འདི་ནི། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་བཏོན་པ་དང་བོད་ལྗོངས་ཅི་ཧྲེ་གློག་བརྙན་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས་པར་བརྒྱབ་པའི་བོད་ལྗོངས་ཀྱི་གཞོན་ནུས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གློག་བརྙན་ཐུང་གྲས《ས་མཐོའི་འཁྲབ་སྟོན་པ》ཞེས་པ་ཉེ་དུས་ལྷ་ས་གྲོང་ཁྱེར་དུ་པར་རྒྱག་འགོ་ཚུགས་ཤིང་། འདི་ནི་པར་ལེན་མཛད་སྒོ་གཉེར་ཡུལ་ཡིན་པ།

    ཟླ་བ་དགུ་པ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་ཡིན་ཞིང་། བོད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཨང་33པ་སྤེལ་བ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་ཟླ་བའི་བརྗོད་དོན་གཙོ་བོ་ནི“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང”ཞེས་པ་དེ་རེད། བོད་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས་སྐབས་དང་པོ་གཉེར་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་བརྗོད་དོན་གཙོ་བོའི་ཤེས་བྱའི་འགྲན་བསྡུར་གཉེར་བ། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་བྱེད་པ། རིག་རྩལ་བྱེད་སྒོ་གཉེར་བ། འགྲེམས་སྟོན་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། བོད་ཀྱི་མི་རིགས་ལས་དོན་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་མངོན་པར་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་གྱི་གདེང་ཚོད་དང་ངར་ཤུགས་ཆེས་ཆེར་འཕེལ་བར་བྱས་ཡོད།

    དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་རིང་། ལྷ་ས་དང་། གཞིས་རྩེ། མངའ་རིས་སོགས་ས་ཁུལ་དང་གྲོང་ཁྱེར་བདུན་གྱིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་། མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རིང་ཐོན་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་ཕུལ་བྱུང་བྱས་རྗེས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཡོད། བྱེད་སྒོ་སྣ་ཚོགས་སྤེལ་བ་ལས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལ་ཞུགས་པའི་སྤྲོ་སེམས་དང་། གདེང་ཚོད། ཆོད་སེམས་བཅས་སྔར་བས་འཕེལ་བ་དང་། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཏང་གི་མི་རིགས་སྲིད་ཇུས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་རང་རྟོགས་ངང་སྦྱོང་བའི་རྣམ་པ་ཟབ་མོ་བཏོད་པས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་དང་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་ཕྱིན་པ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”དང་དེ་བཞིན“མོས་སེམས་ལྔའི”བསམ་བློ་སྔར་བས་བརྟན་དུ་ཕྱིན་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ་བཅས་བྱུང་ཞིང་། དེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།