དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ནགས(རྩྭ)དཔོན་ལམ་ལུགས་ཀྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-20

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་10ཚེས་16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། ནགས(རྩྭ)དཔོན་ལམ་ལུགས་ཁྱབ་གདལ་བཏང་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ནགས(རྩྭ)དཔོན་དང་གཞོགས་འདེགས་སྡེ་ཚན་ཁག་གིས་སྐུལ་འདེད་ཤུགས་ཆེན་མཐའ་འཁྱོངས་བཏང་བ་དང་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ལས་དོན་ནུས་ལྡན་སྤེལ་བར་སྐུལ་འདེད་བཏང་ཞིང་། མིག་སྔའི་བར“རིམ་དབྱེ་འགན་འཁུར”གྱི་རྩ་དོན་གཞིར་བཟུང་། ནགས(རྩྭ)དཔོན་ཁྱོན་6838བཀོད་སྒྲིག་བྱས་པ(2022ལོའི་ལོ་མཇུག་དང་བསྡུར་ན་མི་215མང་དུ་བཏང་བ)ལས། ཞིང་ཆེན་རིམ་པའི་5དང་། གྲོང་ཁྱེར་རིམ་པའི་35 རྫོང་རིམ་པའི་15 ཤང་རིམ་པའི་1355 གྲོང་ཚོ་རིམ་པའི་5228བཅས་ཡོད་པ་དང་། ནགས(རྩྭ)དཔོན་གྱི་ལས་རོགས་249ལོགས་སུ་བཀོད་སྒྲིག་བྱས་པ་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་ཁྲི་14.51ཚང་མར་དྲ་མིག་ཅན་གྱི་དོ་དམ་བྱེད་ཀྱི་ཡོད་པ་རེད།

    《མཚོ་སྔོན་ཞིང་ཆེན་གྱི་ནགས(རྩྭ)དཔོན་ལས་རོགས་ལས་ཀའི་ལམ་སྲོལ་ཇུས་གཞི(ཚོད་ལྟའི་ལག་བསྟར)》དང《མཚོ་སྔོན་ཞིང་ཆེན་གྱི“གཙང་དཔོན་དང་མཚོ་དཔོན་ལམ་ལུགས”དང་། “ནགས(རྩྭ)དཔོན་ལམ་ལུགས”ཀྱི་མཉམ་སྒུལ་ལམ་སྲོལ་གྱི་ལས་ཀའི་ཇུས་གཞི(ཚོད་ལྟའི་ལག་བསྟར)》《མཚོ་སྔོན་ཞིང་ཆེན་གྱི་ནགས(རྩྭ)དཔོན+ ཞིབ་དཔྱོད་འགོ་འཛིན+ཉེན་རྟོག་དཔོན+ཁྲིམས་ཁང་གི་ཡོན་ཀྲང་གི་མཉམ་སྒུལ་ལམ་སྲོལ་གྱི་ལས་ཀའི་ཇུས་གཞི(ཚོད་ལྟའི་ལག་བསྟར)》བཅས་བཟོས་ནས་བཏོན་ཏེ་དོ་དམ་བྱེད་སྟངས་སྔར་བས་གསར་གཏོད་བྱས་པ་དང་སྡེ་ཚན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་རེད།

    དེ་དང་ཆབས་ཅིག ནགས(རྩྭ)དཔོན་ལམ་ལུགས་ཀྱི་ལྟ་བཤེར་དང་དཔྱད་ཞིབ་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་སྲ་བརྟན་གོང་མཐོར་གཏོང་བའི་ལོ་གསུམ་བྱ་སྤྱོད་ལག་བསྟར་བྱེད་འགོ་ཚུགས་པ་རེད། རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་ལེགས་གཏོང་རྒྱུན་མཐུད་ཤུགས་ཆེར་བཏང་ནས་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་ལ་ཞིབ་བཤེར་རེ་ཞུའི་ལས་དོན་ལེགས་སྒྲུབ་བྱས་པ་རེད། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ཚན་རིག་དང་མཐུན་པའི་ངང་སྤེལ་ཞིང་། ཟླ་8པའི་ཟླ་མཇུག་བར་རྒྱལ་ཁབ་ས་ཆ་སྔོ་འགྱུར་སྤྱི་ཆིང་ཁྲི་26.87ལེགས་སྒྲུབ་བྱས་པ་ལས། ནགས་གསོ་སྤྱི་ཆིང་ཁྲི་9.567དང་། བྱེ་འགོག་བྱེ་བཅོས་སྤྱི་ཆིང་ཁྲི་7.794 ཞན་འགྱུར་རྩྭ་ཐང་སླར་གསོ་བཅོས་སྐྱོང་སྤྱི་ཆིང་ཁྲི་17.3བཅས་བྱས་པ་རེད། ནགས་ས་དང་། རྩྭ་ཐང་། འདམ་རའི་སྤྱོད་གོ་བཀག་སྡོམ་དང་ཞིབ་བཤེར་ཆོག་མཆན་གྱི་གཏན་འབེབས་བཅས་དོན་འཁྱོལ་ནན་པོ་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད། ཡུལ་ཤུལ་རོང་བོ་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་དུ་བཅུག་པ་དང་། མགོ་ལོག་ཀྲོའུ་ཡི་རྩྭ་ཐང་གི་ཐཱན་བསྡུ་ཚོད་ལྟའི་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བ། 《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་རྩྭ་སོན་མིང་གཞུང(ཁག་དང་པོ)》བཟོས་པ། 《ཟི་ལིང་རྒྱལ་ཁབ་ཀྱི་རྩི་ཤིང་གླིང་འཛུགས་གཏོད་ཇུས་གཞི》བཟོས་པ།“རྒྱལ་ཁབ་ཀྱི་ནགས་རྩྭའི་གཞི་རྒྱུའི་ཐོན་ཁུངས་དཀོར་མཛོད་མཚོ་སྔོན་ཡན་ལག་མཛོད”བསྐྲུན་པ། མཚོ་བོད་ས་མཐོའི་སྲོག་ཆགས་དང་རྩི་ཤིང་གི་མ་དཔེ་ཁྲི་60བསྡུ་རུབ་བྱས་པ། ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་སྤྱི་ཆིང་ཁྲི་8.67འགོག་བཅོས་ལེགས་སྒྲུབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།