དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་ང་ཚོར་ད་དུང་ལས་ཀ་མང་པོ་ཡོད།

    —— ཐེ་ལན་གྱི་ཙུང་ལི་སའེ་ཐར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིན་ཧའོ། ཝང་ཡོན་ཡོན། ཀའོ་པོ།   |     སྤེལ་དུས།  2023-10-20

    ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པའི་སྔ་རོལ་དུ། ཐེ་ལན་གྱི་ཙུང་ལི་སའེ་ཐ་ཡིས་ཉིན་ཤས་གོང་པང་ཁོག་ཏུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རྒྱལ་ཁབ་ཁག་དབར་མཉམ་སྦྲེལ་མཉམ་མཐུད་དང་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཐུབ་པས། ཐེ་ལན་གྱིས་རྨང་གཞིའི་སྒྲིག་བཀོད་དང་ལྗང་མདོག་ནུས་རྒྱུ་སོགས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་ཡག་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    སའེ་ཐ་ཡིས། ལོ་བཅུའི་རིང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ས་ཁུལ་གྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད། “དེང་རབས་ཅན་གྱི་སྐྱེལ་འདྲེན་བྱེད་ཐབས་མེད་ན། དངོས་ཟོག་འཁོར་རྒྱུག་བྱེད་ཐབས་བྲལ”ཞེས་བརྗོད་པ་དང་། ཁོང་གིས། རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་སུ་ཐེ་ལན་ཅུང་རྗེས་ལུས་ཡིན་པས། གནས་ཚུལ་དེ་ལེགས་སུ་གཏོང་དགོས་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་བརྟེན་ནས་གང་མགྱོགས་རྗེས་ཟིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    སའེ་ཐ་ཡིས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པའི་ངོས་འཛིན་བྱས་པ་དང་། ཁོང་གིས། ཐེ་ལན་གྱིས་རང་རྒྱལ་ཁབ་ཀྱི་ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་མ་རྩ་འགུག་རྒྱུའི་རེ་བ་བྱེད་པ་དང་། ཐེ་ལན་གྱིས་ལྗང་མདོག་ནུས་རྒྱུའི་ཁྱབ་ཁོངས་སུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་ནན་བཤད་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཐེ་ལན་དུ་མ་འཇོག་ལས་དར་བྱེད་པ་དང་། སའེ་ཐ་ཡིས་ཐེ་ཀྲུང་ཕྱོགས་གཉིས་པོས་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་བཞིན་ཡོད། “ཐེ་ལན་དུ་བཟོ་གྲྭ་བཙུགས་ན། ཀྲུང་གོའི་ཁེ་ལས་ཀྱིས་ལག་རྩལ་ཆེ་མོ་བ་རྩེ་གྲ་འཁྲིད་ཡོང་རྒྱུ་ཡིན་པས། འདིས་ང་ཚོས་ཀྲུང་གོའི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པར་གོ་སྐབས་སྐྲུན་རྒྱུ་རེད། དེ་དང་ཆབས་ཅིག ང་ཚོའི་ལག་རྩལ་མི་སྣ་ཀྲུང་གོར་གསོ་སྦྱོང་བྱེད་པར་འགྲོ་ཐུབ་རྒྱུའི་རེ་བའང་ཡོད”

    ཉིན་ཤས་གོང་། ཐེ་ལན་སྲིད་གཞུང་གིས་ཀྲུང་གོའི་ཡུལ་སྐོར་བར་དུས་ཡུན་ཟླ་5ཙམ་རིང་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། “ཀྲུང་གོ་ནི་ཐེ་ལན་གྱི་ཡུལ་སྐོར་བའི་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་ཡིན་པས། ཀྲུང་གོའི་ཡུལ་སྐོར་བར་རྒྱལ་གྲོལ་ཐོངས་མཆན་གྱི་སྟབས་བདེ་བསྐྲུན་པ་དེས་ཀྲུང་གོ་ཡུལ་སྐོར་བ་ཐེ་ལན་དུ་ཡུལ་སྐོར་ལ་ཡོང་རྒྱུར་ཕན་ཐོགས་ཡོད” དེ་དང་ཆབས་ཅིག སའེ་ཐ་ཡིས། རྒྱལ་གྲོལ་ཐོངས་མཆན་མི་དགོས་པ་སོགས་ཀྱི་སྲིད་ཇུས་ཀྱིས་ཀྱང་ཐེ་ལན་དང་ཀྲུང་གོའི་དམངས་ཁྲོད་ཀྱི་འགྲོ་འོང་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།