དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་ཚེས་19ཉིན་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-20

    ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། ཧང་ཀྲོའུ་གྲོང་ཁྱེར་ཁྲུན་ཨན་རྫོང་ཆན་ཏའོ་ཧུའུ་ཤིའུ་ཧྲུའེ་ཐང་ཆེན་དུ་ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་འགོ་ཚུགས་པ་དང་དེ་རྗེས་ཧང་ཀྲོའུ་ཡི་ཅན་ཏེ་གྲོང་ཁྱེར་དང་། ཐུང་ལུའུ་རྫོང་། ཕུའུ་དབྱང་ཆུས། ཞའོ་ཧྲན་ཆུས་བཅས་སུ་རིམ་པ་བཞིན་དཔལ་འབར་བརྒྱུད་སྤྲོད་བྱས་ཤིང་། ཚེས་22ཉིན་ཧང་ཀྲོའུ་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་མེ་སོན་ཁྱེར་ཡོང་ནས་དཔལ་འབར་ཨ་མར་སྤོར་རྒྱུ་རེད།

    ཚེས་16ཉིན་འཚོགས་པའི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བཀོད་འདོམས་ལྟེ་གནས་ཀྱི་བཀོད་འདོམས་དཔོན་གཞོན་པ་ཏུའུ་ཙུའོ་ཧྥུང་གིས། དཔལ་འབར་བརྒྱུད་སྤྲོད་ཀྱི་བརྒྱུད་རིམ་ཧྲིལ་པོར་དཔལ་འབར་འཁྱེར་མཁན་600ཡོད་ཅིང་། དེའི་ནང་ཕྱི་རྒྱལ་གྱི་དཔལ་འབར་འཁྱེར་མཁན་51ཡོད་པ་དེ་དག་རྒྱལ་ཁབ་དང་ས་ཁུལ་41ནས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།