དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕུའུ་ཅིང་གིས་བརྗོད་དོན།

    “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་འབྱུང་འགྱུར་ལ་ཁ་ཕྱོགས་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཆར་གཞི་གལ་ཆེན་ཞིག་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ཚེས་18ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོར་ཞུགས་སྐབས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་སྔར་བས་དྲང་གཞག་གི་སྣེ་མང་ཅན་གྱི་འཛམ་གླིང་ཞིག་གཏོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། དེ་ནི་འབྱུང་འགྱུར་ལ་ཁ་ཕྱོགས་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཆར་གཞི་གལ་ཆེན་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།

    ཕུའུ་ཅིང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། འཛམ་གླིང་ཐོག་རྒྱལ་ཁབ་མང་ཆེ་བས་འདྲ་མཉམ་གཉིས་ཕན་གྱི་མཉམ་ལས་བྱས་ནས་ཁྱོན་ཡོངས་དང་། རྒྱུན་མཐུད་ཆོག་པ། ཡུན་རིང་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་བདེ་རྩ་ཐོབ་པ་དང་དུས་མཚུངས་སུ་ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱས་ནས་རྒྱལ་ཁབ་ཚང་མར་རང་ཉིད་ཀྱི་འཕེལ་རྒྱས་གཏོང་སྟངས་ཀྱི་དབང་ཆ་ཡོད་པའི་རེ་ལྟོས་བྱེད་ཀྱི་ཡོད་ཅིང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་གལ་འགངས་ཆེ་ལ་ཁ་ཚ་དགོས་གཏུགས་ཀྱི་ས་ཁུལ་དང་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་གོ་ཆོད་པའི་ཇུས་གཞི་རྙེད་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    ཁོང་གིས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ས་ཁུལ་ཁག་གི་གཞི་གཅིག་ཅན་གྱི་འཕེལ་རིམ་དང་ཧ་ཅང་མཐུན་པ་མ་ཟད། ཨུ་རུ་སུས“མཉམ་ལས་དང་མཉམ་འགུལ”གྱི་ཡོ་རོབ་དང་ཨེ་ཤེ་ཡ་ཆེ་མོའི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་གཞོལ་རྒྱུའི་གྲོས་འགོ་དང་ཡང་གཅིག་མཐུན་རེད། ཨུ་རུ་སུས་རང་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད་པ་དང་། དགའ་མོས་ཡོད་པའི་རྒྱལ་ཁབ་དག་བྱང་ཕྱོགས་ཀྱི་མཚོ་ལམ་གསར་སྤེལ་ནང་ཞུགས་རྒྱུར་ཨུ་རུ་སུ་ཕྱོགས་ཀྱིས་གདན་འདྲེན་ཞུ་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།