བོད་ལྗོངས་ཀྱིས་2023ལོའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མིའི་འཇོན་ཐང་ཆེ་རུ་གཏོང་བའི་ཆེད་སྦྱོང་འཛིན་གྲྭ་གཉེར་བ།
ཚེས་16ཉིན། རང་ལྗོངས་ཀྱིས་2023ལོའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མིའི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་ཞིང་། ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་གསུམ་དང་རང་སྐྱོང་ལྗོངས་ཐད་གཏོགས་ཚན་པ་ཁག་གཅིག་གི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་200ལྷག་ཙམ་ཞུགས་ཡོད་པ་རེད།
དུས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཡག་པོ་གཉེར་ཆེད། རང་ལྗོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་གྲ་སྒྲིག་ལས་དོན་འབོར་ཆེན་བསྒྲུབས་ནས། ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་ཏེ་སློབ་ཁྲིད་ཀྱི་འཆར་གཞི་ཞིབ་ཚགས་བཟོས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་དང་། ལྗོངས་གྲོང་གསེབ་དར་རྒྱས་ཅུས། བོད་ལྗོངས་སློབ་ཆེན་སོགས་ཚན་པས་ད་ཐེངས་ཀྱི་གསོ་སྦྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། སློབ་ཁྲིད་དགེ་རྒན་བཀོད་སྒྲིག་གང་ལེགས་དང་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མིའི་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་ཡོད་པ་རེད།