ཚད་བརྒལ་ཡོང་བར་བརྩོན། གྲུབ་འབྲས་གསར་པ་བཏོད།
—— 2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པའི་པར་རིས་བདམས་བཀོད།
འདི་ནི་འགྲན་ཞུགས་བདམས་ཐོན་པ་རྐང་འཁོར་བཞོན་ནས“མཛེས་ལྗོངས་ལམ་ཆེན”རྒྱལ་ལམ་318ཉིང་ཁྲི་དུམ་བུར་སྐྱོད་བཞིན་པ།
ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པ་ལྷ་སར་མཇུག་འགྲིལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པར་སྐྱེས་པའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་རྣམ་གྲངས་གཅིག་བཀོད་སྒྲིག་བྱས་པ་དང་ཁྱོན་འགྲན་དུམ་གསུམ་ཡོད་པར་ལམ་ཐག་སྤྱི་ལེ་312.57ཙམ་ཡོད། ཚེས་17ཉིན། 2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་གྱི་འགྲན་དུམ་གསུམ་པ་ལྷ་ས་གྲོང་ཁྱེར་དུ་གཉེར་བ་རེད། འགྲན་དུམ་གསུམ་པ་ནི་ལྷ་ས་བསྐོར་བའི་འགྲན་བསྡུར་ཡིན་པ་དང་ལམ་ཐག་སྤྱི་ལེ་92.8ཡོད་པ་རེད།
2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པ་དེ་ཉིན་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་ཟིན་པ་རེད། འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། ཀྲུང་གོའི་རྒྱལ་ཁབ་རུ་ཁག་གི་ཝང་རུའེ་ཏུང་དང་། ལི་ཉིང་ཀྲི་ཤིང་རུ་ཁག་གི་ཅང་ཀྲི་ཧུའེ། པ་ཏེ་རུའེ་ལན་ཐུ་གླིང་སྐྱོད་རུ་ཁག་གི་ལི་པོ་ཨན་བཅས་ལ་འགྲན་དུམ་དེའི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་ཐོབ་པ་དང་། ལི་ཉིང་ཀྲི་ཤིང་རུ་ཁག་གི་པའེ་ལི་ཅུན་ལ་ཨེ་ཤེ་ཡའི་མི་སྒེར་ཡག་ཤོས་ཐོབ་པ། ལི་ཉིང་ཀྲི་ཤིང་རུ་ཁག་གི་ཅང་ཀྲི་ཧུའེ་ལ་མཐའ་མའི་གདོང་མཆོང་གི་སྐར་མ་མཐོ་ཤོས་ཐོབ་པ། SCOM-ཐའེ་ཧྲན་ལུས་རྩལ་རྐང་འཁོར་རུ་ཁག་གི་TORRES VILLAREAL Carlos Albertoལ་མི་སྒེར་གྱི་སྤྱིའི་གྲུབ་འབྲས་སྔོན་ཐོན་པ་ཐོབ་པ་རེད། གཞན་ཡང་ཨོ་སི་ཁྲུ་ལི་ཡའིARAགླིང་སྐྱོད་རུ་ཁག་དང་། ཧྥེ་རུའེ་སོག་པོའི་གླིང་སྐྱོད་རུ་ཁག པ་ཏེ་རུའེ་ལན་ཐུ་གླིང་སྐྱོད་རུ་ཁག་བཅས་ལ་ཚོགས་པའི་སྤྱིའི་གྲུབ་འབྲས་ཨང་དང་པོ་ནས་གསུམ་པ་བར་ཐོབ་པ་དང་། ཧྥེ་རུའེ་སོག་པོའི་གླིང་སྐྱོད་རུ་ཁག་ལ་ཨེ་ཤེ་ཡའི་ཚོགས་པ་ཡག་ཤོས་ཐོབ་པ་རེད།
འདི་ནི་བདམས་ཐོན་པ་ཚོ་ཐོན་གྲ་འགྲིག་བཞིན་པ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་བའི་འགྲན་དུམ་དང་པོའི་འགྲན་བསྡུར་བྱེད་བཞིན་པ།

འདི་ནི་འགྲན་ཞུགས་བདམས་ཐོན་པ་རྐང་འཁོར་བཞོན་ནས་ཕོ་བྲང་པོ་ཏ་ལའི་མདུན་དུ་སྐྱོད་བཞིན་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་དུ་གཉེར་བའི་འགྲན་དུམ་གཉིས་པའི་འགྲན་བསྡུར་བྱེད་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་དུ་གཉེར་བའི་འགྲན་དུམ་གསུམ་པའི་འགྲན་བསྡུར་མ་བྱས་གོང་བདམས་ཐོན་པ་ཚོས་འབྱོར་ཐོ་འགོད་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་དུ་གཉེར་བའི་འགྲན་དུམ་གསུམ་པའི་འགོ་ཚུགས་མཛད་སྒོ་གཉེར་ཡུལ་ཡིན་པ།

འདི་ནི་འགོ་ཚུགས་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་ཀོང་པོའི་སྤྱི་གླིང་དུ་གཉེར་བ།