དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་སྒུལ་ཤུགས་གསར་པ་བསྣན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་བརྒྱུད་རྒྱལ་ཁབ་ཁག་གི་དམངས་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་ནས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད་ཅེས་བརྗོད་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས། ཚེས་17ཉིན་ནི་རྒྱལ་སྤྱིའི་དབུལ་ཕོངས་སེལ་བའི་ཉིན་མོ་ཡིན་ལ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་འཚོག་པ་དང་དུས་གཅིག་ཏུ་འཁེལ་ཡོད། མགྲིན་ཚབ་པས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་ཆེད་ལེགས་སྐྱེས་གང་དག་ཕུལ་ཡོད་མེད་སྐོར་ངོ་སྤྲོད་གནང་རོགས་ཞེས་དྲིས།

    མའོ་ཉིང་གིས། དབུལ་ཕོངས་སེལ་རྒྱུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་གྱི་དམིགས་ཚད་ཨང་དང་པོ་དེ་རེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་10ཡི་རིང་དབུལ་པོ་ཉུང་གཏོང་དེ་ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་གལ་ཆེན་དུ་བརྩིས་ནས་རྒྱལ་སྤྱིའི་མཉམ་ལས་བརྒྱུད“དབུལ་པོ་ཉུང་གཏོང་གི་ལམ་བུ”བཏོད་ཡོད་ཅེས་བརྗོད།

    མའོ་ཉིང་གིས། ལོ་10ཡི་རིང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཨ་སྒོར་དུང་ཕྱུར་ཁྲི་ཙམ་གྱི་མ་འཇོག་ལ་སྐུལ་ཁྲིད་དང་མི་ཁྲི་4000དབུལ་ཕོངས་གནས་ལས་སྒྲོལ་བར་སྐུལ་ཁྲིད་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”གི་ཞིང་ལས་མཉམ་ལས་ལམ་སྲོལ་གྱིས་མཉམ་སྐྲུན་རྒྱལ་ཁབ་ཀྱི་མི་འབོར་དབུལ་པོར་འབྲུ་རིགས་རག་པ་དང་འབྲུ་རིགས་ཀྱི་ཉམས་ཉེན་ལ་ཁ་གཏད་གཅོག་ནུས་ཆེ་རུ་བཏང་ཡོད། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་ཐོན་ལས་མ་འཇོག་དང་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱིས་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་བཏོད་ཡོད་ཅེས་ངོ་སྤྲོད་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཝི་ཨེན་ནའི་དོན་གཅོད་ཁྲུའུ་ཡི་སྤྱི་ཁྱབ་ཀན་ཧྲེ་ཅ་ཏ·ཝ་ལིས་བཅར་འདྲི་དང་ལེན་བྱེད་སྐབས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་དབུལ་ཕོངས་སེལ་བ་དང་བཀྲེས་ལྟོགས་མེད་པ་བཟོ་བ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།