“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྒྲོམ་གཞིའི་འོག་རྒྱ་མཚོའི་མཉམ་ལས་ཀྱི་ཆེད་དོན་གླེང་སྟེགས་ཐོག་མ་འཚོག་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རང་བྱུང་ཐོན་ཁུངས་པུའི་རྒྱལ་སྤྱི་མཉམ་ལས་སིའི་སི་ཀྲང་གཞོན་པ་ཝང་ཨན་ཐའོ་ཡིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་རྒྱ་མཚོའི་མཉམ་ལས་ཆེད་དོན་གླེང་སྟེགས་དེ་ཚེས་18ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་འཚོགས་པ་དེ་ནི་མཐོ་རིམ་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་རྒྱ་མཚོའི་མཉམ་ལས་བརྗོད་དོན་གཙོ་བོར་བྱེད་པའི་ཆེད་དོན་གླེང་སྟེགས་གཉེར་ཐེངས་ཐོག་མ་ཡིན་པ་དང་། དེ་ཐོག་ནས་ཀྲུང་གོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”གི་རྒྱ་མཚོའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་པ་གང་ལེགས་མཚོན་གྱི་ཡོད་ཅེས་བརྗོད་པ་རེད།
ཁོང་གིས་ཚེས་16ཉིན་འཚོགས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་གསར་འགྱུར་ལྟེ་གནས་ཀྱི་བརྡ་གཏོང་ཚོགས་འདུ་ཐེངས་དང་པོར་གོང་གསལ་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ཝང་ཨན་ཐའོ་ཡིས་ད་ཐེངས་ཀྱི་རྒྱ་མཚོའི་མཉམ་ལས་ཀྱི་ཆེད་དོན་གླེང་སྟེགས་ཀྱིས“མཚོ་ཐོག་མཉམ་ལས་ལ་སྐུལ་འདེད་བཏང་ནས་དར་གོས་ལམ་བུའི་རོལ་དབྱངས་མཉམ་དུ་དཀྲོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དམིགས་ཡུལ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་རྒྱུན་མཐུད་ཆོག་པའི་མཚོ་ཐོག་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། རྒྱ་མཚོའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་པ། རྒྱ་མཚོའི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་སོགས་ཁྱབ་ཁོངས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་དང་འཕེལ་རྒྱས་ཀྱི་གོ་སྐབས་ལ་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་མཉམ་ལས་ཀྱི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།