དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་ཡུགས་སྨད་གྲོང་ཚོས་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-18

    ཉེ་ཆར། མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་ཡུགས་སྨད་གྲོང་ཚོའི་སྟོན་བསྡུའི་བར་གསེང་དུ། ཞིང་པ་མང་ཚོགས་རྣམས་མཉམ་དུ་འཛོམས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་སྒྲོག་འགྲེལ་བ་ངག་དབང་རྡོ་རྗེའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་ཉན་པ་རེད།

    སྒྲོག་འགྲེལ་བྱེད་སྐབས་ངག་དབང་རྡོ་རྗེས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས》 《བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་འཕྲིན་གཏོང་བྱེད་སྒོའི་བྱེད་མི་ཆོག་པ་ཉི་ཤུ》སོགས་ཀྱི་ནང་དོན་མང་ཚོགས་ཀྱིས་གོ་ཐུབ་པའི་ཡུལ་སྐད་སྤྱད་དེ་གསལ་འགྲེལ་བྱས་ནས་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་བརྒྱུད་བསྒྲགས་བྱས་ཏེ་མང་ཚོགས་ལ་དྲིལ་བསྒྲགས་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ལེགས་པར་བསལ་བ་རེད།

    ངག་དབང་རྡོ་རྗེས་མང་ཚོགས་ཀྱི་རྒྱུན་དུ་མཐོང་བའི་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བ་དང་ཟུང་འབྲེལ་གྱིས་ཉ་འཛིན་དྲ་ཚིགས་དང་། གློག་འཕྲིན་ཁ་བསླུས། བཙན་ཤེད་ཀྱི་མཉེན་ཆས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་སོགས་ཀྱི་རྒྱུན་མཐོང་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁར་ཁ་གཏད་གཅོག་པའི་ཤེས་བྱ་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་ཅིང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གཙོ་གནད་དུ་བཟུང་ནས་དྲ་སྦྲེལ་གྱི་དཀྲོག་གཏམ་དང་། དྲ་ཐོག་གི་མགོ་སྐོར་གཡོ་ཁྲམ། དྲ་ཐོག་གི་གཏམ་སྤྱོད་ལ་དོ་སྣང་བྱེད་པ་སོགས་ཀྱི་དྲ་རྒྱའི་བདེ་འཇགས་ཤེས་བྱ་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་པ་དང་། ཚང་མར་དྲ་ཐོག་ནས་མི་སྒེར་གྱི་ཆ་འཕྲིན་ཕྱིར་མི་བསྒྲགས་པ་དང་། ཡོང་ཁུངས་གསལ་པོ་མེད་པར་སྦྲེལ་མཐུད་མི་བྱེད་པ། མྱུར་སྐྱེལ་སྤ་སེ་དང་། མེ་འཁོར་སྤ་སེ། ཉོ་སྒྲུབ་སྤ་སེ་སོགས་མི་སྒེར་གྱི་ཆ་འཕྲིན་ཚུད་པའི་སྤ་སེ་གང་བྱུང་དུ་མི་དབྱུག་པ་སོགས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་རྒྱུན་ཤེས་ལ་དོ་སྣང་བྱེད་དགོས་པའི་བསླབ་བྱ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།