2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པའི་འགྲན་སྐོར་ཐེངས་གཉིས་པའི་འགྲན་བསྡུར་འགོ་ཚུགས་པ།

འདི་ནི་འགྲན་སྐོར་གཉིས་པའི་འགྲན་བསྡུར་ནང་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་མཁན་གྱི་བདམས་ཐོན་པ་མཉམ་དུ་པར་རྒྱག་བཞིན་པ།
ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པའི་འགྲན་སྐོར་གཉིས་པའི་འགྲན་བསྡུར་གཞིས་རྩེ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།
འགྲན་སྐོར་གཉིས་པ་ནི“དཔའ་བོའི་གནའ་གྲོང”རྒྱལ་རྩེ་རྫོང་ནས་ཐོན་ཏེ“ཚོན་སྣ་བདུན་གྱི་གཞིས་ཀ”པ་སྣམ་རྫོང་བརྒྱུད་མཐར“བསམ་དོན་ལྷུན་བཞིན་གྲུབ་པའི”བསམ་གྲུབ་རྩེ་ཆུས་སུ་འབྱོར་ཞིང་། སྤྱིའི་ལམ་ཐག་སྤྱི་ལེ་89.97ཡོད་པ་རེད།
ཆུ་ཚོད་གཉིས་ཙམ་གྱི་འགྲན་བསྡུར་བྱས་པ་བརྒྱུད། SCOM-ཐའེ་ཧྲན་ལུས་རྩལ་རྐང་འཁོར་རུ་ཁག་གི་CHIA BERMUDEZ Luis Carlosདང་། ལི་ཉིང་སྐར་མ་རུ་ཁག་གི་ཅང་ཀྲི་ཧུའེ། ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་རུ་ཁག་གི་EVDOKIMOV Danilལ་འགྲན་སྐོར་འགྲན་བསྡུར་གྱི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་ཐོབ་པ་དང་། ལི་ཉིང་སྐར་མ་རུ་ཁག་གི་པའེ་ལི་ཅུན་ལ་ཨེ་ཤེ་ཡའི་མི་སྒེར་ཡག་ཤོས(འོག་འཇུག་དཀར་པོ)ཐོབ་པ། SCOM-ཐའེ་ཧྲན་ལུས་རྩལ་རྐང་འཁོར་རུ་ཁག་གི་CHIA BERMUDEZ Luis Carlosལ་མི་སྒེར་གྱི་སྐར་མ་སྔོན་ཐོན་པ(འོག་འཇུག་ལྗང་ཁུ)ཐོབ་པ། SCOM-ཐའེ་ཧྲན་ལུས་རྩལ་རྐང་འཁོར་རུ་ཁག་གི་TORES VILAREAL Carlos Albertoལ་མི་སྒེར་གྱི་སྤྱིའི་གྲུབ་འབྲས་སྔོན་ཐོན་པ(འོག་འཇུག་སེར་པོ)ཐོབ་ཡོད་པ་རེད།