དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱས་པ།

    —— རྒྱལ་རྩེ་རྫོང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྫོང་སྐྱོང་བར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-18

    ལོ་སྟོད་དུ་བཅའ་ཁྲིམས་བློ་འདྲིའི་གན་རྒྱ་དང་། གྲོས་མཐུན། ཇུས་གཞི་བཅས་སྣ་ཚོགས་32ཟིན་འགོད་དང་ཞིབ་བཤེར་བཟོ་བཅོས་བྱས་པ་དང་། སྲིད་གཞུང་གི་ཆེད་དོན་ཚོགས་འདུ་ཐེངས་8ལ་ཞུགས་པ། ཁྲིམས་སྐྱོང་འཆད་ཁྲིད་དང་གསོ་སྦྱོང་ཐེངས་11བྱས་པ། མི་ཐེངས་70ལྷག་ཙམ་ལ་བཅའ་ཁྲིམས་བློ་འདྲི་བྱས་པ་སོགས། ད་ལོའི་ཚུན་རྒྱལ་རྩེ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། “དོན་ཆེན་བཞིར”དམ་པོར་དམིགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དར་སྤེལ་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བཟུང་ཞིང་། བསམ་ཕྱོགས་གསར་པ་གཏོད་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྫོང་སྐྱོང་བར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད།

    སྲིད་འཛིན་ཞིབ་མཆན་འགོད་པའི་སྒྱུར་བཅོས་ཟབ་ཏུ་བཏང་བ།

    རྒྱལ་རྩེ་རྫོང་གིས《སྲིད་འཛིན་ཐབས་ཇུས་ཀྱི་གོ་རིམ་གལ་ཆེན་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཐབས་ཇུས་འཆར་ཟིན་འགོད་པ་དང་། སྤྱི་དམངས་ཞུགས་པ། རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ། ཉེན་ཁར་ཚོད་སྐོར། ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་སོགས་ཀྱི་གོ་རིམ་ཞིབ་ཚགས་སུ་བཏང་བ་རེད། སྲིད་འཛིན་བྱ་སྤྱོད་ཀྱི་འབྱུང་རྩ་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་དང་། “བཅད་ཁ་ཆུང་ཆུང”ལ་བརྟེན་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི“འཕོ་འགྱུར་ཆེན་པོར”སྐུལ་འདེད་བཏང་སྟེ“སློབ་སྦྱོང་དང་། སྒྲུབ་པ། ལྟ་སྐུལ”བཅས་ཕྱོགས་གསུམ་ལ་ཤུགས་བརྒྱབ་པ་དང་། སྲིད་འཛིན་བྱ་སྤྱོད་ཀྱི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལས་དོན་དོན་འཁྱོལ་ཞིབ་ཚགས་ཐུབ་པར་འགན་ལེན་བྱས་ཏེ་ཕྱོགས་ཡོངས་ནས་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ཡོད།

    “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་གཏོང་དང་ལས་སྒྲུབ་འགྲོ་ལུགས་སྔར་བས་སྟབས་བདེར་བཏང་ནས་ཞིབ་བཤེར་ཆོག་མཆན་འགོད་པའི་ལས་ཕྱོད་ཆེ་རུ་བཏང་ཡོད། “སྐྱོད་དགོས་རིགས་ལ་ངེས་པར་དུ་བསྐྱོད་པ”དོན་འཁྱོལ་བྱས་ཤིང་། ཚན་པ་18དང་དོན་ཚན་74སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཞུགས་པའི་ལས་དོན་ལེགས་སྒྲུབ་བྱས་ནས“སྒོ་གཅིག་ལས་འཛུལ་མི་དགོས་པའི”ཞབས་ཞུ་སྔར་བས་མངོན་འགྱུར་བྱས་ཡོད། ལོ་སྟོད་དུ་མང་ཚོགས་ཀྱིས་གཉེར་འཐུས་རེ་ཞུ་བྱས་པའི་དོན་དག་ཁྱོན་ཁག་21169བདག་སྤྲོད་བྱས་པ་དང་། དུས་ཐོག་ཏུ་དོན་དག་ཁག་20970བསྒྲུབས་པར་སྒྲུབ་ཚད་99%ཟིན་ཡོད།

    “དྲ་སྦྲེལ+སྲིད་དོན་ཞབས་ཞུར”སྐུལ་འདེད་བཏང་ཞིང་། “དྲ་གཅིག་ཀུན་སྒྲུབ”ཀྱི་སྲིད་དོན་ཞབས་ཞུའི་དོན་ཚན་939ཡི་ལས་སྒྲུབ་ཕྱོགས་སྟོན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་དྲ་ཐོག་ནས་སྒྲུབ་ཚད་མཐོ་རུ་བཏང་ཡོད། ལོ་སྟོད་དུ་རིམ་རྩིས་བྱས་ན་དྲ་ཐོག་ནས་དོན་དག་ཁག་2704བསྒྲུབས་པ་དང་། གློག་རྡུལ་ལག་ཁྱེར་558ལ་ཆོག་མཆན་བཀོད་ནས་སྤྲད་པ། “གདེང་འཇོག་བཟང་ངན”495བྱས་པར་གདེང་འཇོག་བཟང་པོ་495ཐོབ་ནས་གདེང་འཇོག་བཟང་པོ་ཐོབ་ཚད་100%ཟིན་ཡོད།

    སྲིད་འཛིན་ཁྲིམས་སྒྱུར་བྱ་སྤྱོད་ལག་བསྟར་ནན་པོ་བྱས་པ།

    རྒྱལ་རྩེ་རྫོང་གིས་སྲིད་འཛིན་ཁྲིམས་སྒྱུར་གྱི“ལམ་ལུགས་ཁག་གསུམ”ལག་བསྟར་ནན་པོ་བྱས་ནས། བཟའ་བཅའ་དང་སྨན་རྫས་དང་། སྒེར་སྡེམ་ཁྲོམ་ར། ཚུལ་མིན་འགྲན་རྩོད་སོགས་ཁྱབ་ཁོངས་སུ་ཁྲིམས་སྒྱུར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    དཔུང་ཁག་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལོ་འཁོར་གྱི་སྲིད་འཛིན་ཁྲིམས་སྒྱུར་ལག་ཁྱེར་ལེན་མཁན་གྱི་ཕྱོགས་བསྡུས་བཅའ་ཁྲིམས་ཤེས་བྱ་གསོ་སྦྱོང་དང་རྒྱུགས་ལེན་ལས་དོན་ལེགས་སྒྲུབ་བྱས་པ་དང་། ཁྲིམས་སྒྱུར(ལྟ་སྐུལ)མི་སྣའི་ཐོབ་ཐང་གཏན་འཁེལ་དང་། ཆ་འཕྲིན་འཚོལ་བསྡུ། སྐྱེལ་སྤྲོད་སོགས་ཀྱི་ལག་ཁྱེར་བརྗེ་ལེན་ལས་དོན་ལེགས་སྒྲུབ་བྱས་ཡོད། མིག་སྔར་ཕྱོགས་བསྡུས་དྲ་ཐོག་གསོ་སྦྱོང་ཐེངས་1བྱས་པ་དང་ཁྲིམས་སྒྱུར་ཚན་པ་ཁག་གིས་རང་བརྟེན་གསོ་སྦྱོང་ཐེངས་16བྱས་ཡོད།

    ཁྲིམས་སྒྱུར་ལྟ་འདོམས་ལེགས་སུ་བཏང་ཞིང་། སྡེ་ཚན་སྒྲོལ་བའི་མཉམ་འབྲེལ་ལྟ་འདོམས་དང“དྲ་སྦྲེལ+ལྟ་འདོམས”ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཕྱོགས་བསྡུས་ལྟ་འདོམས་དང་རིག་ལྡན་ལྟ་འདོམས་མངོན་འགྱུར་ཧུར་ཐག་བྱས་པས། འཐེན་བཤེར་ཞིབ་བཤེར་གྱི་དམིགས་འབེན་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་ཕྱིན་ཏེ་ཁྲོམ་རའི་ལྟ་འདོམས་ནུས་པ་ཆེ་རུ་ཕྱིན་ཡོད། ལོ་སྟོད་དུ“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་མཉམ་འབྲེལ་འཐེན་བཤེར་བྱ་སྤྱོད་སྤེལ་ནས་སློབ་གྲྭའི་ཟ་ཁང་26དང་། བཟའ་བཅའི་ཐོན་སྐྱེད་ཁེ་ལས་5 སྨན་རྫས་ཡོ་ཆས་གཉེར་སྐྱོང་བྱེད་ས་24 ཤང་གྲོང་འཕྲོད་བསྟེན་ཁང་10 བཟའ་བཏུང་ལས་རིགས་ཚན་པ་162 བྱུག་རྫས་ཚོང་ཁང་4བཅས་ལ་ཞིབ་བཤེར་བྱས་པ་རེད།

    གཞི་རིམ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་བཏང་བ།

    ད་ལོ་ནས་བཟུང་རྒྱལ་རྩེ་རྫོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་གོང་འོག་སྦྲེལ་མཐུད་དང་། གཡས་གཡོན་མཉམ་འགུལ། གོམ་སྟབས་གཅིག་གྱུར་བཅས་ཀྱི་ཁྲིམས་སྐྱོང་ལས་དོན་གྱི་རྣམ་པ་ཧུར་ཐག་བཏོད་ཡོད།

    དྲ་མིག་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། གྲོང་ཚོ་དང་། སྡེ་ཁུལ། ཚན་པ། ཐོག་ཁང་དང་སྟར་པ་བཅས་ཚང་མར་ཁྱབ་པའི་དྲ་མིག་ཚན་པ་བཙུགས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་དང་དེ་བཞིན་དྲ་མིག་ཚན་པས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་དབང་ཆ་ཁག་དབྱེ་དང་འགན་འཁྲིའི་དོན་ཚན་སྔར་བས་ཁ་གསལ་བཟོས་ཏེ། ཡུལ་སྲོལ་དམངས་ཆིངས་སོགས་རིགས་ཁག་གི་རང་སྐྱོང་སྤྱི་ཆིངས་ཚད་ལྡན་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་གི་འགོ་ཁྲིད་འོག་གི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་དུ་སྦྲེལ་བའི་མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་རོལ་བཅས་ཀྱི་བཅོས་སྐྱོང་རྣམ་པ་བཏོད་ཡོད།

    “ཧྥེང་ཆའོ་ཡི་ཉམས་མྱོང”འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཡིག་བསྐུར་ངོ་བཅར་དང་། མི་དམངས་འདུམ་འགྲིག སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག གཏུག་བཤེར་གོང་གི་འདུམ་འགྲིག གཏུག་བཤེར་ཞབས་ཞུ་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ། “གཅིག་འཐུས་རྣམ་པ”དང་སྣ་མང་ཅན་གྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།

    ཁྲིམས་སྐྱོང་རིག་གནས་གཡུལ་ས་གང་ལེགས་སྤྱད་ཅིང་། ལོ་སྟོད་དུ་རིགས་ཁག་གི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་ཁག་85སྤེལ་བ་དང་། རིགས་ཁག་གི་དྲིལ་བསྒྲགས་དཔྱད་ཡིག་ཁྲི་1.1ལྷག་ཙམ་སྤྲད་པ། སློབ་གསོ་ཐོབ་མཁན་7000ལྷག་ཙམ་ཟིན་པ། ས་གནས་ས་ཐོག་ཏུ་མི་ཐེངས་60ཙམ་གྱི་བློ་འདྲིར་ལན་བརྒྱབ་པ། རྒྱལ་རྩེ་རྫོང་གི་དམངས་གཉེར་ཁེ་ལས་ཀྱི་བཅའ་ཁྲིམས་ཞབས་ཞུའི་འབྲེལ་གཏུག་གཱ་2000བཟོས་ནས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།