དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུ“སྤྱི་ཁྱབ་རུ་དཔོན་གྱི་རྩལ་ནུས་འགྲན་བསྡུར”བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་ངོ་མཚར་ཆེ་བའི་རྒྱུགས་ལན་ཕུལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-18

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་10ཚེས་14ཉིན། མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་རྒྱས་ཅུས་ཀྱིས་གཙོ་གཉེར་བྱས་པའི་ཞིང་ཆེན་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་གྱི“སྤྱི་ཁྱབ་རུ་དཔོན་གྱི་རྩལ་ནུས་འགྲན་བསྡུར”ཟི་ལིང་དུ་བྱས་ཤིང་། དེའི་དམིགས་ཡུལ་ནི་འགན་འཁྲི་སྔར་བས་ནན་གཏོང་དང་། སློབ་སྦྱོང་ལ་སྔར་བས་ལྟ་སྐུལ། ནུས་པ་སྔར་བས་ཆེར་གཏོང་། དོན་འཁྱོལ་ལ་སྔར་བས་སྐུལ་འདེད་བཅས་བྱས་ཐོག ཞིང་ཆེན་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་སྦྲེལ་མཐུད་ནུས་ལྡན་ལས་དོན་གྱི“སྤྱི་ཁྱབ་རུ་དཔོན”གྱི་འཇོན་ཐང་དང་བྱང་ཚད་དང་ལས་དོན་དོན་འཁྱོལ་བྱེད་ནུས་ལ་ཕྱོགས་བསྡུས་ལྟ་ཞིབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལོ་འཁོར་མོའི་སྦྲེལ་མཐུད་ནུས་ལྡན་ལས་དོན་ཁག་དོན་ཐོག་ཏུ་ཡག་པོ་འཁྱོལ་བར་སྐུལ་འདེད་བཏང་བ་རེད།

    མཚོ་སྔོན་ཞིང་ཆེན་གྱི་ཤང་དང་གྲོང་རྡལ་368ནས་ཡོང་བའི“སྤྱི་ཁྱབ་རུ་དཔོན”37སྡིངས་ཆའི་ཐོག་འཛེགས་ནས“འགྲན་བསྡུར”བྱས་ཤིང་། “རྒྱུགས་ལན་སྤྲོད་པ་དང་། བསམ་ཕྱོགས་ཤོད་པ། ལས་ཤུགས་བསྡུར་བ། གྲུབ་འབྲས་འགྲན་པ། དངོས་ཕན་དཔྱད་དཔོག”བཅས་ཀྱི་བྱེད་སྟངས་བརྒྱུད། བྱ་སྤྱོད་དངོས་ཀྱི་ཐོག་ནས“ལས་ཀ་དོན་ཐོག་ཏུ་འཁྱོལ་བ་དང་གྲུབ་འབྲས་མདུན་གྲལ་དུ་སླེབས་པའི”རྔམ་བརྗིད་ལྡན་པའི་ཁས་ལེན་མངོན་འགྱུར་བྱས་ཏེ་འགན་སྒྲུབ་ནུས་པ་ཁྱོན་ཡོངས་ནས་ཆེར་གཏོང་དང་། གཙོ་གནད་ལས་དོན་གྱི་སྤུས་ཀ་ལེགས་སུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ། དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་རམ་ལས་དོན་ཏན་ཏིག་སྒྲུབ་པ། དབུལ་སྒྲོལ་མི་འབོར་ལ་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ལ་སྟོབས་ཤུགས་བསྣན་པ་རེད། དེ་དང་ཆབས་ཅིག “འགྲན་བསྡུར”ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང“འགྲན་བསྡུར”ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། ཤང་དང་གྲོང་རྡལ་ཀྱི་ལས་བྱེད་པའི་མི་འདང་ས་འཚོལ་བ་དང་། ཞན་ཆ་འཚོལ་བ། མཐོར་འདེགས་ལ་སྐུལ་འདེད་གཏོང་བ། “འགག་གནད”ཀྱི་གནད་དོན་གནད་སྨིན་འཚོལ་བ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཤུགས་འདོན་པ། “དར་རྒྱས་ཆེན་པོ་ལྔ”དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཏན་ཏིག་བཅས་བཏང་ནས། གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།