དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔོན་རིགས་དང་མཁས་དབང་གིས་བདེ་ཐང་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-18

    ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་2023ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྲོལ་རྒྱུན་གྱི་གསོ་རིག་བདེ་ཐང་ཡུལ་སྐོར་གྱི་རྒྱལ་སྤྱིའི་གླེང་སྟེགས་ཀོང་ཤིས་པཱ་མ་ཡའོ་རིགས་རང་སྐྱོང་རྫོང་དུ་སྤེལ་བ་རེད། སྐབས་འདིའི་གླེང་སྟེགས་ཐོག“སྲོལ་རྒྱུན་གྱི་གསོ་རིག་ལུས་གསོའི་རིག་གནས་དང་བདེ་ཐང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་མཁས་ཅན་བཅས་200ལྷག་ཙམ་གྱིས་སྲོལ་རྒྱུན་གྱི་གསོ་རིག་བདེ་ཐང་ཡུལ་སྐོར་འཕེལ་རྒྱས་མཉམ་ལས་སོགས་ཀྱི་བརྗོད་གཞིར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

    ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྲོལ་རྒྱུན་གྱི་གསོ་རིག་བདེ་ཐང་ཡུལ་སྐོར་གྱི་རྒྱལ་སྤྱིའི་གླེང་སྟེགས་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དངོས་མང་སྟོན་ཚོགས་ཀྱི་སྒྲོམ་གཞིའི་འོག་གི་མཐོ་རིམ་གླེང་སྟེགས་ཤིག་ཡིན་ཞིང་། གླེང་སྟེགས་དེ་ལོ་གཉིས་རེར་སྐབས་རེ་གཉེར་གྱི་ཡོད་པ་དང་འདི་ལོ་ནི་སྐབས་ལྔ་པ་རེད། སྐབས་འདིའི་གླེང་སྟེགས་ནི་རིག་གནས་དང་ཡུལ་སྐོར་པུའུ་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།