ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་གཙང་པོ་སྒྲོལ་བའི་ལམ་ཐག་རིང་ཤོས་ཟམ་ཆེན་གྱི་ཟམ་སྣེ་བདེ་བླག་ངང་མཐུད་པ།
ཉེ་ཆར། ཀྲུང་གོ་ལྕགས་ལམ་ཅུས་བཅུ་བདུན་པས་སྐྲུན་འགན་འཁུར་བའི་ལྷ་ས་ནས་གཞིས་རྩེ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་དབུ་ཆོས་ཡར་ཀླུང་གཙང་པོའི་ཟམ་ཆེན་གྱི་ཟམ་སྣེ་བདེ་བླག་ངང་མཐུད་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཞིང་། དེ་ཐོག་ནས་ལྷ་གཞིས་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཟམ་ལྕགས་སྦྲེལ་མཐུད་ཐུབ་པ་མཚོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དབུ་ཆོས་ཡར་ཀླུང་གཙང་པོའི་ཟམ་ཆེན་དེ་ཡར་ཀླུང་གཙང་པོ་སྒྲོལ་ནས་ལམ་ཐིག་གཡོན་མར་རིང་ཚད་སྨི་772དང་། ལམ་ཐིག་གཡས་པར་རིང་ཚད་སྨི་672 ཟམ་པ་གཙོ་བོའི་རིང་ཚད་ལ་སྨི་150 ལམ་ཐིག་གཡས་གཡོན་གྱི་ཟམ་པའི་ཞེང་ཚད་ལ་སྨི་12.75བཅས་ཡོད་པ་དང་། ཟམ་པ་གཙོ་བོ་ཨར་འདམ་ལྕགས་རྩིབ་མ་ལས་གྲུབ་པ་དང་། ཟམ་གདན་གཙོ་བོ་4ཡི་མཐོ་ཚད་སྨི་40ལྷག་ཙམ་ཟིན་ནས་དཔེ་མཚོན་གྱི་ཟམ་གདན་མཐོ་བའི་ཟམ་ཆེན་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་གཞིས་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས། ས་ཁོངས་ཀྱི་ལམ་དྲའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས“སྐོར་གཅིག་ཁུལ་གཉིས”གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་མངོན་འགྱུར་དང་། ལྷ་ས་ལྟེ་བར་བྱས་པའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་བར་འཁྱམས་འཐུས་སྒོ་ཚང་དུ་གཏོང་བར་རྨང་གཞི་བརྟན་པོ་འདིང་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།