དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
 • བོད་ལྗོངས་ཀྱིས་2023ལོའི་འཛམ་གླིང་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ།

 • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-18

  ཚེས་16ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་། ཞིང་ལས་གྲོང་གསེབ་ཐིང་། སློབ་གསོ་ཐིང་། ཚན་རྩལ་ཐིང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པས་པེ་ཅིང་ཤར་ལམ་དུ་དྲིལ་བསྒྲགས་ས་ཚིགས་བཙུགས་ནས། 2023ལོའི་འཛམ་གླིང་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་རེད།

  འདི་ལོའི་ཟླ་10ཚེས་16ཉིན་ནི་འཛམ་གླིང་གི་འབྲུ་རིགས་ཉིན་མོ་ཐེངས་43པ་ཡིན་པ་དང་། གཟའ་འཁོར་འདི་ཡང་རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་རེད།

  བྱེད་སྒོར་དྲིལ་བསྒྲགས་སྦྱར་ཡིག་སྦྱོར་བ་དང་། འགྲེམས་པང་གི་བརྡ་ཁྱབ་འཇོག་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་གསལ་འགྲེལ། ཁྱད་ལྡན་འབྲུ་སྣུམ་སྤུས་ལེགས་འགྲེམས་ཚོང་སོགས་ཀྱི་བྱ་ཐབས་བརྒྱུད། འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ལས་དོན་གྱི་གྲུབ་འབྲས་དྲིལ་བསྒྲཌ་རྒྱ་ཁྱབ་བྱས་པ་རེད།

  བསྡོམས་རྩིས་ལ་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་རིམ་རྩིས་བྱས་ན་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་1600ལྷག་ཙམ་དང་དྲིལ་བསྒྲགས་དངོས་པོ་1300ལྷག་ཙམ་སྤྲད་པ་རེད།

  འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།