ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།
ཟིལ་གནོན་ཆེ་རུ་བཏང་ནས་ཉེན་བརྡ་བཏང་བས་སྒྲིག་འགལ་ཁྲིམས་འགལ་ལས་བྱེད་པས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ།
“ངས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་ཚུལ་མིན་གྱི་ཁེ་ཕན་རག་ཐབས་བྱས་པས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་ལས་འགལ་སོང་། གནས་ཚུལ་ལྷག་རྗེས་ངའི་སེམས་ལ་གནོང་འགྱོད་ཚད་མེད་སྐྱེས་ཏེ་སེམས་ལྷོད་པོར་གཏན་ནས་སྡོད་ཐབས་མི་འདུག བསམ་བློ་མང་པོ་བཏང་རྗེས་ངས་རྩ་འཛུགས་ལ་རང་ཉིད་ཀྱི་གནད་དོན་ངོས་ལེན་ཞུས་ཏེ་ཐག་གཅོད་གུ་ཡངས་ཡོང་བའི་བརྩོན་ལེན་བྱས་པ་ཡིན”འདི་ལོའི་ཟླ་7པར་ཉིང་ཁྲི་གྲོང་ཁྱེར་གྱི་ཏང་སྲོལ་སྲིད་གཙང་གི་དྲིལ་བསྒྲགས་སློབ་གསོའི་ཟླ་བ་ཐེངས་ཉེར་བརྒྱད་པ་སྤེལ་རིང་བྲག་ཡིབ་ཆུས་ཀྱི་ལས་བྱེད་པ་ཞིག་གིས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་རེད།
སྒྲིག་འགལ་ཁྲིམས་འགལ་ལས་བྱེད་པས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུ་བ་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པའི་འོག་གི་ལྡོག་མེད་ཀྱི་འབྲས་བུ་ཞིག་རེད། བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཕྱིས་སུ་སྒྲིག་ཁྲིམས་ལག་བསྟར་དེ་བས་ནན་པོ་བྱ་རྒྱུ་གསལ་སྟོན་བྱེད་པ་དང་། “རུལ་སུངས་བྱེད་མི་ཕོད་པའི”ཟིལ་གནོན་ཆེ་རུ་གཏོང་བ། མང་ཚོཌ་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་མངོན་གསལ་དོད་པའི་གནད་དོན་དང་ལྷག་པར་དུ་མངོན་མེད་ཐབས་སྒྱུར་གྱི་འཕེལ་ཕྱོཌ་གསར་པར་དམ་པོར་དམིཌ་པ། ཡ་མེད་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ནས་རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་དང་ལྐོག་ཟ་བྱས་ན་ངེས་པར་དུ་ཐག་གཅོད་ནན་པོ་མཐའ་གཅིག་ཏུ་བྱས་ཡོད། འདི་ལོ་ཚུན་དུ་གནད་དོན་གྱི་ཁུངས་སྣེ་138ཐག་གཅོད་བྱས་པ་དང་། གནད་དོན་23སྒྲུབ་ཁོངས་སུ་བཅུག་པ། མི་30ལ་ཆད་པ་བཅད་པ་བཅས་བྱས་ནས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་ཀྱི་ཟིལ་གནོན་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་ཡོད།
ཉེ་བའི་ལོ་ཤས་རིང་བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དྲིལ་བསྒྲགས་དང་ཉེན་ཟོན་སློབ་གསོ་རྒྱག་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྱོད་གཞི་སྒྲུབ་གཉེར་གྱི“མཇུག་འཕྲོའི་ལས་དོན”ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ། ཞིབ་བཤེར་ཐག་གཅོད་ཐུབ་པའི་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་གང་ལེགས་སྤྱོད་པ། ཆད་གཅོད་གཏན་འབེབས་ཀྱི“ཤོག་བུ་གཅིག”དེ་ཉེན་ཟོན་སློབ་གསོའི“སློབ་ཚན་གཅིག”ལ་འགྱུར་བར་བྱེད་པ། ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་པ་དང་། ལྟ་ཞིབ་ཀྱི་གྲོས་འདོན་ཡི་གེ་སྤྲོད་པ། དཔེ་མཚོན་གྱོད་དཔེའི་བརྡ་ཁྱབ་འགྲེམ་པ། ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ཡག་པོ་གཉེར་བ་སོགས་རྣམ་པ་སྣ་ཚོགས་གང་ལེགས་སྤྱད་དེ་གྱོད་དཔེ་དྲངས་ནས་སྒྲིག་ཁྲིམས་དང་བཅའ་ཁྲིམས་གསལ་པོ་ཤོད་པ་དང་། ཉེན་ཟོན་སློབ་གསོའི་ཆབ་སྲིད་རང་བཞིན་དང་། དམིགས་སའི་རང་བཞིན། ཕན་པའི་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་བ། “རུལ་སུངས་བྱེད་མི་ཕོད་པའི”ཟིལ་གནོན་དང“རུལ་སུངས་བྱེད་མི་འདོད་པའི”རང་རྟོགས་ཆེ་རུ་གཏོང་བ་བཅས་བྱས་ཡོད།