དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་སྐྱོར་བྱས་པའི་ཡོམ་འགོག་གེགས་སེལ་གྱི་དངོས་ཟོག་ཁག་དང་པོ་ཧོ་ལ་ཐེར་འབྱོར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-18

    འདི་ནི་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་སྐྱོར་བྱས་པའི་ཡོམ་འགོག་གེགས་སེལ་གྱི་དངོས་ཟོག་ཁག་དང་པོ་ཨ་ཧྥུ་ཀ་ནི་སི་ཐན་ནུབ་བྱང་རྒྱུད་ཀྱི་ཞིང་ཆེན་ཧོ་ལ་ཐེའི་གྲོང་ཁྱེར་ཧོ་ལ་ཐེར་འབྱོར་བའི་གནས་ཚུལ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཨ་ཧྥུ་ཀ་ནི་སི་ཐན་གྱི་གྲོང་ཁྱེར་ཧོ་ལ་ཐེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་སྐྱོར་བྱས་པའི་ཡོམ་འགོག་གེགས་སེལ་གྱི་དངོས་ཟོག་ཁག་དང་པོ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ནུབ་བྱང་རྒྱུད་ཀྱི་ཞིང་ཆེན་ཧོ་ལ་ཐེའི་གྲོང་ཁྱེར་ཧོ་ལ་ཐེར་འབྱོར་བ་རེད།

    འདི་ཟླའི་ཚེས་7ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་ནུབ་བྱང་རྒྱུད་དུ་རིམ་པ་6.2ཀྱི་ས་ཡོམ་ཐེངས་གཉིས་བརྒྱབ་ཅིང་། མི་2400ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་ཁང་པ་ཆིག་སྟོང་ལྷག་ཙམ་ལ་གཏོར་སྐྱོན་ཕོག་ཡོད། ཚེས་11ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་ནུབ་བྱང་རྒྱུད་དུ་སླར་ཡང་ས་ཡོམ་རིམ་པ་6.3བརྒྱབ་པ་རེད།

    ས་ཡོམ་བརྒྱབ་རྗེས་ཀྲུང་གོ་སྲིད་གཞུང་གིས་འཕྲལ་མ་ཉིད་དུ་ཨ་ཧྥུ་ཀ་ནི་སི་ཐན་ལ་མི་ཆོས་རིང་ལུགས་ཀྱི་ཛ་དྲག་རོགས་སྐྱོར་བྱ་རྒྱུའི་ཐག་བཅད་པ་རེད། ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱི་དགོས་མཁོར་གཞིགས་ནས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ལ་གུར་དང་། ཉལ་ཁྲི། ཀམ་པ་ལི། ཕོ་ཁེབས་སོགས་དངོས་རྫས་མཁོ་འདོན་བྱས་པ་དང་ཨ་ཧྥུ་ཀ་ནི་སི་ཐན་དུ་འབྱོར་བའི་གེགས་སེལ་གྱི་དངོས་ཟོག་ཁག་དང་པོ་ནི་གཙོ་བོ་གུར་དང་ཉལ་ཁྲི་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།