དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཚོ་དམག་སྲུང་སྐྱེལ་དཔུང་རུ་ཁག་44པ་ཨོ་མན་ལ་འཚམས་འདྲི་བྱེད་མཇུག་འགྲིལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-18

    འདི་ནི་ཀྲུང་གོའི་མཚོ་དམག་སྲུང་སྐྱེལ་དཔུང་རུ་ཁག་44པས་ཨོ་མན་གྱི་མ་སི་ཁ་ཐེའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཨོ་མན་གོང་མ་ཚང་གི་མཚོ་དམག་དམག་གྲུ་དང་ནང་སྦྱོང་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་སི་ཁ་ཐེ་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཀྲུང་གོའི་མཚོ་དམག་སྲུང་སྐྱེལ་དཔུང་རུ་ཁག་44པ་ཨོ་མན་ལ་མཛའ་གྲོགས་འཚམས་འདྲི་བྱེད་མཇུག་འགྲིལ་ནས་ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་9པར་ཨོ་མན་གྱི་རྒྱལ་ས་མ་སི་ཁ་ཐེ་ནས་ཁ་གྱེས་པ་རེད།

    ཨོ་མན་དུ་འཚམས་འདྲི་བྱེད་རིང་དཔུང་རུའི་བཀོད་འདོམས་པས་སྔ་རྗེས་སུ་ཨོ་མན་མཚོ་དམག་གི་དྲག་ཇུས་དམག་དཔོན་མོ་ཧན་མོ་ཏེ་དང་། སའེ་དབྱི་ཏེ་མཚོ་དམག་རྟེན་གཞིའི་དམག་སྤྱི་ཨ་ལི་སོགས་དང་ཐུག་འཕྲད་བྱས་པ་དང་འབྲེལ། ཨོ་མན་མཚོ་དམག་སློབ་གླིང་དང་མཚོ་དམག་རྟེན་གཞི་སོགས་དམག་དོན་སྒྲིག་གཞིར་ལྟ་སྐོར་བྱས་པ་རེད། རྒྱལ་ཁབ་གཉིས་པོའི་མཚོ་དམག་གི་དཔོན་དམག་ཚོས་ཕན་ཚུན་དམག་གྲུར་ལྟ་སྐོར་དང་། ལན་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར། ཕྱོགས་གཉིས་པོའི་དམག་གྲུའི་འགོ་འཛིན་དབར་ཆེད་ལས་སྤེལ་རེས་བཅས་བྱས་པ་རེད།

    ཨོ་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ལིང་པིང་དང་། གཞུང་ཚབ་ཁང་གི་ལས་དོན་མི་སྣ། ས་གནས་དེ་གའི་ཀྲུང་གོའི་མ་འཇོག་སྒྲིག་གཞིའི་མི་སྣ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་སོགས་མི་བརྒྱ་ལྷག་ཙམ་ཚེས་14ཉིན་མ་སི་ཁ་ཐེའི་སུའུ་ཏན་ཁ་པུའུ་སི་གྲུ་ཁར་དཔུང་རུར་སྐྱེལ་མ་ཞུ་བར་ཡོང་བ་རེད། གྲུ་ཁ་ནས་བྲལ་རྗེས་དཔུང་རུའི་དམག་གྲུས་མ་སི་ཁ་ཐེའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཨོ་མན་གོང་མ་ཚང་གི་མཚོ་དམག་དམག་གྲུ་དང་མཉམ་འབྲེལ་ནང་སྦྱོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།