དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་ནས་མཛེས་ལྡན་གྲོང་གསེབ་འཛུགས་སྐྲུན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-18

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཤུགས་ཆེན་བྱས་ནས། ཞིང་འབྲོག་ཁུལ་གྱི་གྲོང་ཚོའི་རྣམ་པ་དང་ཞིང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཉིས་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་བ་རེད།

    རུ་ཐོག་རྫོང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་ལས་དོན་དུས་དང་རྣམ་པ་ཀུན་ཏུ་དོན་དག་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཤིང་། སྒོར་དུང་ཕྱུར་8.65ཟླ་སྒྲིལ་བེད་སྤྱོད་བཏང་བ་བརྒྱུད། སྡེ་རོག་དང་། ལྕཌ་སྒང་། རུ་ཐོག ཁུལ་པ། རེ་བཅོལ། དབུས་བྱང་། ལུ་མ་མཁར་བཅས་ཀྱི་གྲོང་གསེབ་འཛུགས་སྐྲུན་ལ་མ་དངུལ་མཁོ་འདོན་བྱས་པ་དང་། ཐབས་ལམ་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ་དུད་ཚང་1258ཀྱི་ཞིང་འབྲོག་མང་ཚོགས་4567ལ་རྒྱ་ཆེ་ཞིང་གཙང་ལ་དཀར་ཆ་དོད་པའི་འབྱོར་འབྲིང་སྡོད་ཁང་གསར་པ་བསྐྲུན་པ། དུད་ཚང་981གི་མང་ཚོཌ་ལ་ཆུ་མཁོ་འདོན་དང་བཙོག་ཆུ་འབུད་པ་དང་། གྲོང་ཚོ་6ལ་ཨར་འདམ་ལམ་འཛུགས་སྐྲུན་དང་སྔོ་འགྱུར་སོཌ་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་བཀོད་སྒྲིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།