དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་བྲག་རྫོང་མི་སྤྱི་ཅུས་ཀྱིས་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་ཚོར་ཞབས་འདེགས་ཧུར་ཐག་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-18

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ཡོད་པའི་མི་སྣའི་ཐོབ་ཐང་ར་སྤྲོད་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩ་སྲུང་སྐྱོང་། སྤྱི་ཚོགས་འགན་བཅོལ་ལེན་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱས་ནས་ལོ་ཚད་ལོན་པའི་མི་སྣའི་རྒན་གསོའི་ཐོབ་ཐང་གྲངས་ཚང་སྤྲོད་ཐུབ་པའི་འགན་ལེན་བྱ་ཆེད། ཉེ་ཆར་ལྷོ་བྲག་རྫོང་མི་སྤྱི་ཅུས་ཀྱིས་འབྲེལ་ཡོད་ལས་དོན་པ་སྒྲིག་འཛུགས་བྱས་ནས་རྫོང་དེའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་མང་ཚོགས་ལ་ཐོབ་ཐང་ར་སྤྲོད་ཀྱི་ཞབས་འདེགས་ཞུས་པ་རེད།

    ལྷོ་བྲག་རྫོང་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ལས་དོན་པས་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་རྒན་རྒོན་མང་ཚོགས་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་སྲིད་ཇུས་དང་ཐོབ་ཐང་ར་སྤྲོད་ཀྱི་བླང་བྱ་སྒྲོག་འགྲེལ་བྱས་པ་རེད། འགྲོ་སྐྱོད་མི་བདེ་བའི་རྒན་རྒོན་ཁག་གཅིག་ལ་དམིགས་ཏེ། ལས་དོན་པས་རང་འགུལ་ངང་རྒན་རྒོན་གྱི་སར་བསྐྱོད་ནས་ཁོ་ཚོར་ཐོབ་ཐང་ར་སྤྲོད་བྱེད་རོགས་བྱས་ཏེ་མི་གཅིག་ཀྱང་མ་ལུས་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྒོ་རྩར་ཞབས་འདེགས་ཞུ་བར་ཡོང་ནས་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་མང་ཚོགས་63ལ་2023ལོའི་ཐོབ་ཐང་ར་སྤྲོད་ཞབས་ཞུའི་ལས་དོན་ལེགས་སྒྲུབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།