དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནན་ཁའེ་སློབ་ཆེན་གྱིས་ཀྲུང་ཧྭའི་སྙན་ངག་སློབ་གསོའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-17

    ཟླ་10ཚེས་15ཉིན། ཐེན་ཅིན་གྱི་ནན་ཁའེ་སློབ་ཆེན་དུ་ཀྲུང་ཧྭའི་སྙན་ངག་སློབ་གསོའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚོགས་འགོ་ཚུགས་ཤིང་། ཀྲུང་གོ་དང་། ཨ་རི། ཁ་ན་ཏ། རི་པིན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་མཁས་དབང་200ཙམ་ཞུགས་ཏེ་ཀྲུང་ཧྭའི་སྙན་ངག་སློབ་གསོའི་འཛིན་སྐྱོང་སྤེལ་གསུམ་སྐོར་ལ་མཉམ་དུ་གླེང་མོལ་བྱས་པ་རེད། བགྲོ་གླེང་ཚོགས་འདུའི་ཡུལ་དངོས་སུ་དགུང་ལོ་བརྒྱ་ཙམ་ལ་ཕེབས་པའི་དགེ་རྒན་ཡེ་ཅ་ཡིང་གིས་རྐུབ་སྟེགས་འཁོར་ལོ་ཅན་ལ་བསྡད་ནས་འཆད་སྟེགས་སུ་ཕེབས་ཏེ་སྙན་ཚིག་དང་འབྲེལ་བའི་རང་ཉིད་ཀྱི་མི་ཚེ་དང་སྙན་ངག་སློབ་གསོའི་སྐོར་གསུངས་པ་མ་ཟད། ན་གཞོན་རྣམས་ལ་ལྕག་སྐུལ་གྱི་བསླབ་བྱའང་གནང་བ་རེད། འདི་ནི་ནན་ཁའེ་སློབ་ཆེན་གྱི་ཀྲུང་ཧྭའི་སྙན་ངག་སློབ་གསོ་དང་གནའ་རབས་རིག་གནས་ཞིབ་འཇུག་ཁང་གི་སུའོ་ཀྲང་ཡེ་ཅ་ཡིང་གིས་ཀྲུང་ཧྭའི་སྙན་ངག་སློབ་གསོའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་གསུང་བཤད་གནང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།