དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པའི་དེང་རབས་ཅན་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-17

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པའི་དེང་རབས་ཅན་ཡིན། ང་ཚོས་དོན་གཉེར་བྱེད་པའི་འབྱོར་ཕྱུག་ནི་མི་ཉུང་ཤས་འབྱོར་ཕྱུག་ལྡན་པར་བྱེད་པ་མ་ཡིན་པར་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་བྱེད་པ་ཞིག་ཡིན། མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་བྱེད་པར་ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་དགོས་པ་ཡིན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་བྱེད་དགོས། ཡིན་ན་ཡང་ཆ་སྙོམས་རིང་ལུགས་ལག་བསྟར་བྱེད་པ་མ་ཡིན་པར་ཐོག་མར“བག་ལེབ”ཆེན་པོ་ཞིག་བཟོ་དགོས། དེ་རྗེས་ལུགས་དང་མཐུན་པའི་ལམ་ལུགས་བརྒྱུད“བག་ལེབ”བགོ་བཤའ་ཡག་པོ་བརྒྱབ་སྟེ་ཆུ་བོ་རྒྱས་ན་གྲུ་གཟིངས་མཐོ་བ་ལྟར་སོ་སོར་གང་ལ་གང་འཚམ་ཐོབ་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་སྔར་བས་དྲང་གཞག་ངང་ཕན་པ་དེ་བས་མང་བ ་ཐོབ་པར་བྱེད་དགོས། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས“བག་ལེབ”གང་ཆེ་ཆེ་བཟོ་དགོས་ལ། སྤྱི་ཚོགས་དྲང་གཞག་བདེན་སྐྱོང་ལ་སྣང་ཆེན་བྱས་ནས“བག་ལེབ”བགོ་བཤའ་ཡག་པོ་རྒྱག་ཅི་ཐུབ་ཀྱིས་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་བྱེད་དགོས།

    མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་བྱེད་པར་ཐོག་མར“བག་ལེབ”ཆེན་པོ་བཟོས་ཏེ་སྤྱི་ཚོགས་ཀྱི་རྒྱུ་ནོར་དེ་བས་མང་བ་གཏོད་དགོས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་རྒྱུ་ནོར་སྔར་བས་མང་བ་བཏོད་པས་ང་ཚོའི“བག་ལེབ”དེ་བས་ཆེ་རུ་ཕྱིན་ཡོད། ད་ཆ་ང་ཚོ་སྔོན་ཆད་དང་བསྡུར་ན་འབྱོར་ཕྱུག་ལྡན་པར་གྱུར་ཡོད། ཡིན་ན་ཡང་རང་རྒྱལ་ལ་མི་འབོར་མང་བའི་དབང་གིས་མི་དུང་ཕྱུར་14ལྷག་ཙམ་ཆ་སྙོམས་བྱས་ན་དེ་འདྲའི་འབྱོར་ཕྱུག་ལྡན་པ་ཞིག་མིན། དེར་བརྟེན། ང་ཚོས་སེམས་ནུས་གཅིག་ཏུ་བསྒྲིལ་ནས་མཉམ་དུ་དཀའ་སྤྱད་འབད་འཐབ་ཀྱིས་སྤྱི་ཚོགས་ཀྱི་རྒྱུ་ནོར་སྔར་བས་འདང་ངེས་བཏོད་དེ། “བག་ལེབ”དེ་བས་ཆེ་བ་བཟོ་དགོས།

    མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་བྱེད་པར“བག་ལེབ”ཆེན་པོ་བཟོས་པའི་རྨང་གཞིའི་ཐོག་ད་དུང“བག་ལེབ”དེ་བགོ་བཤའ་ཡག་པོ་རྒྱག་དགོས། ང་ཚོས“བག་ལེབ”བགོ་བཤའ་རྒྱག་པའི་ལམ་ལུགས་ཡག་པོ་བཟོས་ཏེ། དྲང་གཞག་གི་སྤྱི་ཚོགས་ལམ་ལུགས་བརྒྱུད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཚང་མ་དང་། ས་ཁུལ་ཚང་མ། ངལ་རྩོལ་བ་ཚང་མར་དེ་བས་དྲང་གཞག་ངང་ཕན་པ་ཐོབ་པར་བྱེད་དགོས། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཐོག་འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་ནི་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་ཐུབ་པར་བྱས་ཏེ། མི་དམངས་ཡོངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཟབ་པ་དང་། སྔར་བས་འགན་སྲུང་ཐུབ་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་ཡོང་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།