དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཡིག་ཚགས་ཁང་རིག་ནུས་ཅན་ལ་རིམ་སྤོར་སྒྱུར་བཀོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-17

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡིག་ཚགས་ཁོའོ་ཡི་མཛོད་ཁང་འཛུགས་སྐྲུན་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་དང་མི་སྣར་ཆ་འཕྲིན་ཅན་གྱི་གསོ་སྦྱོང་བྱས་པ་ལས་ཡིག་ཚགས་ལས་དོན་དུས་རབས་གསར་པར་སླེབས་པ་དང་། སྲོལ་རྒྱུན་ཡིག་ཚགས་ཁང་དེ་རིག་ལྡན་ཡིག་ཚགས་ཁང་ལ་འཕེལ་རྒྱས་བྱུང་བ་མཚོན་ཡོད་པ་རེད།

    ད་ཐེངས་ཀྱི་མཛོད་ཁང་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དེས། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡིག་ཚགས་ལས་དོན་ལ་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དང་ལག་རྩལ་གྱི་རྒྱབ་སྐྱོར་ཐུབ་ཡོད། གསར་དུ་བསྐྲུན་པའི་མཛོད་ཁང་གི་སྒྲིག་ཆས་སྔོན་ཐོན་ཡིན་ལ་ཁོར་ཡུག་ཀྱང་ཡག་པོ་ཡོད་པས་ཁྲིམས་ཁང་གི་ཡིག་ཚགས་དཔྱད་ཡིག་ལ་སྲུང་སྐྱོང་དང་ཉར་ཚགས་དེ་བས་ཡག་པོ་བྱུང་ནས་དེའི་བདེ་འཇགས་དང་ཆ་ཚང་རང་བཞིན་ལ་འགན་ལེན་ཐུབ་ཡོད། སྔོན་ཐོན་གྱི་ཆ་འཕྲིན་ལག་རྩལ་དང་རིག་ནུས་སྒྲིག་ཆས་ནང་འདྲེན་བྱས་པ་བརྒྱུད་ཡིག་ཚགས་ཁང་ལ་གྲངས་འཛིན་ཅན་དང་། རང་འགུལ་ཅན། རིག་ནུས་ཅན་བཅས་ཀྱི་དོ་དམ་ཐུབ་ཡོད། རིག་ནུས་སྒྲིག་ཆས་འདི་དག་ནང་རིག་ནུས་གསོག་འཇོག་སྒམ་དང་། གློག་རྡུལ་ཤོག་བྱང་། རྒྱང་རིང་ལྟ་སྐུལ་ཚོད་འཛིན་མ་ལག་སོགས་ཚུད་ཡོད་པ་དང་། སྒྲིག་ཆས་དེ་དག་གིས་དུས་ཐོག་ཏུ་ཡིག་ཚགས་གསོག་འཇོག་གི་ཆ་རྐྱེན་ལ་ལྟ་ཞིབ་དང་དྲོད་ཚད་དང་གཤེར་ཚད་སོགས་ཁོར་ཡུག་གི་དཔྱད་གྲངས་རང་འགུལ་ངང་སྙོམས་སྒྲིག་ཐུབ་ཀྱི་ཡོད། སྔོན་ཐོན་གྱི་ཡིག་ཚགས་དོ་དམ་མ་ལག་སྒྲིག་སྦྱོར་བྱས་པ་བརྒྱུད་ཡིག་ཚགས་ཁང་ལ་གྲངས་འཛིན་ཅན་གྱི་ཡིག་ཚགས་གསོག་འཇོག་དང་། འཚོལ་བཤེར། བེད་སྤྱོད་བཅས་ཐུབ་ཡོད། ལས་དོན་མི་སྣས་གློག་རྡུལ་སྒྲིག་ཆས་ལ་བརྟེན་ནས་དམིགས་འཛུགས་ཡིག་ཚགས་ཀྱི་ངེས་གནས་གཏན་འཁེལ་དང་འཚོལ་བཤེར་མགྱོགས་མྱུར་ཐུབ་པས་ལས་ཆོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། དེ་དང་དུས་མཚུངས། ད་དུང་ཡིག་ཚགས་དོ་དམ་མ་ལག་ལ་དབང་ཚད་དོ་དམ་དང་། པར་གཞི་ཚོད་འཛིན། གྲབས་ཉར་དང་སླར་གསོ་སོགས་ཀྱི་བྱེད་ནུས་ལྡན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡིག་ཚགས་ཁང་རིག་ནུས་ཅན་ལ་རིམ་སྤོར་སྒྱུར་བཀོད་བྱས་པ་བརྒྱུད། ཁྲིམས་ཁང་གི་ཡིག་ཚགས་ལས་དོན་དེང་རབས་ཅན་དང་རིག་ནུས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་ཐེབས་ནས། ཁྲིམས་འཛིན་དྲང་གཞག་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་འགན་སྲུང་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།