《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་གཏོད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་20པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་གཏོད་དགོས》ཞེས་པ་བཀོད་ཡོད།
རྩོམ་ཡིག་ནང་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་གཏོད་རྒྱུའི་ལས་འགན་གལ་ཆེན་བཏོན་པ་དང་དེ་ནི་དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན་པ་ནན་བཤད་གནང་ཡོད། ང་ཚོས་བརྗོད་གཞི་དེར་བརྟེན་ནས་མཉམ་སྡེབ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ཁ་ཕྱོགས་དང་བྱེད་ཐབས་གཏན་འཁེལ་སྔར་ལས་ལྷག་པར་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་དེ་ལས་གཡུར་དུ་ཟ་བ་ཐོབ་པར་བྱ་རྒྱུ་དེ་རེད།
རྩོམ་ཡིག་ནང་བསྟན་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས་རང་རེའི་ཏང་ལ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ཏུ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཆབ་སྲིད་སྟོབས་ཤུགས་གཞན་དག་གིས་འགྲུབ་ཐུབ་ཐབས་མེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་བྱེད་ཐུབ་པའི་གཞི་རྩ་ནི་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་དང་འབྲེལ་དོན་དངོས་གསར་པ་དང་རྒྱུན་ཆད་མེད་པར་ཟུང་འབྲེལ་བྱས་ནས་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་ཏང་གིས་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་ཁོང་དུ་ཆུད་པར་བྱ་རྒྱུ་དེ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག “ཟུང་འབྲེལ་གཉིས”དང“ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག”སོགས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་བྱ་ཐབས་བཏོན་པ་དང་སྦྲགས་རྒྱས་བཤད་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། ང་ཚོས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ཐོག་མཐའ་བར་གསུམ་དུ་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་བླ་སྲོག་དང་རྩ་བ་བརྟན་པོ་སྲུང་དགོས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བརྗོད་གཞི་གལ་ཆེན་འདིས་ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་བླ་སྲོག་དང་རྩ་བ་འདི་གཏན་ནས་འདོར་མི་རུང་བ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་འདི་གཏན་ནས་འདོར་མི་རུང་བ་གཏན་འཁེལ་བྱས་ཡོད། བླ་སྲོག་དང་རྩ་བ་འདི་བརྟན་པོ་བསྲུང་རྒྱུ་ནི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུ་དེའང་བླ་སྲོག་དང་རྩ་བ་འདི་དེ་བས་བརྟན་པོ་སྲུང་ཆེད་ཡིན། ངེས་པར་དུ་ཏང་འཛུགས་རྒྱལ་འཛུགས་དང་ཏང་དར་རྒྱལ་དར་གྱི་རྩ་བ་ཡིན་པའི་མར་ཁེ་སི་རིང་ལུགས་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་དང་རང་རྒྱལ་དུ་རྩ་བ་ཚུགས་པ་དང་རང་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཞིང་ས་གཤིན་པོར་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་མཚམས་མི་འཇོག་པ་མཐའ་འཁྱོངས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་ཉིང་བཅུད་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ནུས་ལྡན་ངང་འབྲེལ་མཐུད་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་ལེགས་ཆ་གསར་པར་བསྒྱུར་ཏེ་བསམ་བློའི་ཡང་རྩེ་གསར་པར་ཟམ་མི་ཆད་པར་འཛེག་དགོས། རིགས་པའི་གཞུང་ལུགས་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བར་བློ་རྒྱ་ཡངས་པོར་བརྟེན་ནས་མིའི་རིགས་ཀྱི་སྤྱི་ཚོགས་ཤེས་དཔལ་གྱི་ཕུལ་བྱུང་གྲུབ་འབྲས་མཐའ་དག་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང“མིའི་རིགས་ཀྱི་ཤེས་བྱའི་སྤྱི་བསྡོམས”ཁྲོད་ནས་བསམ་བློ་དང་རིག་གནས་ཀྱི་ཕུལ་བྱུང་ཐོན་ཁུངས་བསྡུ་ལེན་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་ནས་མཉམ་སྡུད་མཉམ་གསོག་དང་ཀུན་གྱི་ལེགས་ཆ་བསྡུ་ལེན་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རྣམ་པ་ཆེན་པོ་ཞིག་ཆགས་པར་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གསར་པར་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་ལན་འདེབས་དགོས། དུས་རབས་འབྱེད་པའི་རིགས་པའི་གཞུང་ལུགས་མཐའ་དག་ནི་དུས་རབས་ཀྱི་དགོས་མཁོ་སྐོང་ཐུབ་པའི་ཐོན་དངོས་ཤིག་རེད། རིགས་པའི་གཞུང་ལུགས་ཀྱི་འཕུར་མཆོང་ནི་ཐ་སྙད་སྔར་མེད་གསར་གཏོད་བྱེད་པའི་ཐད་ནས་མཚོན་པ་ཞིག་མིན་ལ། གཏན་ཚིགས་ཀྱི་རང་འགྲིགས་དང་རང་གིས་ར་སྤྲོད་བྱེད་པའི་ཐད་ནས་མཚོན་པ་ཞིག་ཀྱང་མིན། མཐར་གཏུགས་ནས་བཤད་ན་ལག་ལེན་དངོས་ཀྱི་གནད་དོན་ལ་ལན་འདེབས་རྒྱུ་དང་ལག་ལེན་དངོས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུའི་ཐད་ནས་མཚོན་དགོས། མར་ཁེ་སི་རིང་ལུགས་ནི་ལག་ལེན་གྱི་རིགས་པའི་གཞུང་ལུགས་ཡིན། ང་ཚོས་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་ལག་ལེན་གྱི་རྨང་གཞིའི་ཐོག་གི་རིགས་པའི་གཞུང་ལུགས་གསར་གཏོད་ཡིན་པ་ལས། བ་སོའི་མཆོད་རྟེན་ནང་དུ་སྡོད་པའི་སྟོང་བསམ་མིན་པས། ངེས་པར་དུ་ལག་ལེན་ཁྲོད་ནས་བདེན་དོན་ཤེས་རྟོགས་དང་བདེན་དོན་འཕེལ་རྒྱས་གཏོང་བ་དང་ལག་ལེན་ལ་བརྟེན་ནས་བདེན་དོན་མངོན་འགྱུར་དང་བདེན་དོན་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ད་ཆ་ང་ཚོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལས་འགན་ཡང་དུ་ཕྱིན་མེད་པར་དེ་བས་ལྕི་རུ་ཕྱིན་ཡོད། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་བརྟན་པོ་བཙུགས་ཏེ་མིག་རྒྱང་དེ་བས་རིང་བའི་ཐོག་ནས་འཛམ་གླིང་གི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཏན་ཚིགས་ཆེན་པོ་དང་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཚན་རིག་དང་མཐུན་པའི་འདུ་ཤེས་དང་ནུས་ལྡན་གྱི་ཁ་གཏད་གཅོག་ཐབས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཏོན་ཏེ། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་ལས་དེ་བས་ཆེ་བ་དང་དེ་བས་གོ་སྐོན་བློ་འགུག་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་མངོན་ཡོད།
རྩོམ་ཡིག་ནང་བསྟན་དོན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མ་ལག་ཅན་དང་རིག་གཞུང་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅན་དང་རིག་གཞུང་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་ནང་གནས་ཀྱི་བླང་བྱ་དང་ཐབས་ལམ་གལ་ཆེན་ཞིག་རེད། མར་ཁེ་སི་རིང་ལུགས་ལ་ཤུགས་རྐྱེན་ཟབ་མོ་ལྡན་དོན་ནི་དེའི་གཏིང་ཟབ་པའི་གཞུང་ལུགས་ལ་བརྟེན་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བདེན་དོན་རང་བཞིན་གསལ་སྟོན་དང་འཐུས་སྒོ་ཚང་བའི་མ་ལག་ལ་བརྟེན་ནས་དེའི་རིགས་པའི་གཞུང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རང་བཞིན་རིགས་པས་ཁུངས་སྐྱེལ་བྱས་པའི་རྐྱེན་གྱིས་རེད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་ནི་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་གཏོང་བ་དང་འབྲེལ་རྒྱུན་ཆད་མེད་པར་མ་ལག་ཅན་དང་རིག་གཞུང་ཅན་དུ་འགྱུར་བའི་བརྒྱུད་རིམ་ཞིག་རེད། ལག་ལེན་གྱི་འཕེལ་རིམ་ཟབ་ཏུ་འགྲོ་བ་དང་ཆབས་ཅིག ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཀྱང་ཕུན་སུམ་ཇེ་ཚོགས་སུ་འགྲོ་ངེས་རེད། རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་འཆད་འགྲེལ་བྱེད་ཤུགས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། རང་རེའི་ཏང་གིས་བཏོན་པའི་འདུ་ཤེས་གསར་པ་དང་ཆོད་གཏམ་གསར་པའི་ཁྲོད་ཀྱི་རྩ་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་དང་འཆད་འགྲེལ་བྱེད་པ་དང་། ཕན་ཚུན་གྱི་ནང་གནས་འབྲེལ་བ་སྟངས་འཛིན་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་སུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དེ་བས་ལེགས་པའི་ངང་སློབ་སྦྱོང་དང་སྟངས་འཛིན་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བཅས་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། མི་དམངས་མང་ཚོགས་ཀྱི་གསར་གཏོད་ཁྲོད་ནས་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་བློ་གྲོས་བསྡུ་ལེན་བྱེད་པར་སྣང་ཆེན་བྱེད་དགོས། མར་ཁེ་སི་རིང་ལུགས་ནི་མི་དམངས་ཀྱི་ཆེད་དུ་སྐད་ཆ་ཤོད་པ་དང་མི་དམངས་ཀྱི་ཚབ་བྱས་ནས་སྐད་ཆ་ཤོད་པའི་རིགས་པའི་གཞུང་ལུགས་ཤིག་དང་། མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཆེད་གསར་གཏོད་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་ཐབས་བྱེད་པའི་ལག་ལེན་ཁྲོད་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བྱུང་བ་ཞིག་རེད། མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ནི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་འཛད་མེད་ཀྱི་འབྱུང་ཁུངས་ཤིག་རེད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་ཚང་མ་ནི་ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ཐུན་མོང་གི་བློ་གྲོས་ཀྱི་ཉིང་བཅུད་ཡིན། ང་ཚོའི་ལས་དོན་ཁག་ལག་ལེན་བསྟར་བར་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་སྐྱོད་དགོས་ལ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བར་ཡང་མང་ཚོགས་ཀྱི་ལམ་ཕྱོགས་ཐོག་ཡག་པོ་སྐྱོད་དགོས། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་དང་མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ཁྲོད་ནས་ཕྱོགས་སྡོམ་བྱས་པའི་ཉམས་མྱོང་གསར་པ་དཔྱོད་ཤེས་ཀྱི་ངོས་འཛིན་ལ་མཐོར་འདེགས་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པ་ལེན་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་དམངས་དུང་ཕྱུར་མང་པོའི་སེམས་ནང་གཏིང་ཟབ་ཟུག་ཐུབ་པ་བཅས་བྱས་ཏེ། མང་ཚོགས་དང་འབྲེལ་འདྲིས་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་འདོད་བློ་དང་མཐུན་པ། དམངས་སེམས་ཐོབ་པ་བཅས་ཀྱི་རིགས་པའི་གཞུང་ལུགས་སུ་འགྱུར་བར་བྱེད་དགོས།