2023ལོའི་འཛམ་གླིང་མཚོ་འགྲུལ་སྒྲིག་ཆས་ཚོགས་ཆེན་ཧྥུའུ་ཅན་ཧྥུའུ་ཀྲོའུ་རུ་འགོ་ཚུགས་པ།
ཉེ་ཆར། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་དང་། བཟོ་འཕྲིན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་2023ལོའི་འཛམ་གླིང་མཚོ་འགྲུལ་སྒྲིག་ཆས་ཚོགས་ཆེན་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། ད་ཐེངས་ཚོགས་ཆེན་གྱི་དུས་ཡུན་ཉིན་བཞི་ཡིན་ཞིང་། “འགྲོ་བའི་ཕུགས་འདུན་ཕྲག་ཏུ་འཁུར། མཐའ་ཡས་རྒྱ་མཚོའི་འཇིངས་སུ་སྐྱོད”བརྗོད་དོན་གཙོ་བོར་བྱེད་པའི་དམིགས་ཡུལ་ནི་འཛམ་གླིང་མཚོ་འགྲུལ་སྒྲིག་ཆས་ཁྱབ་ཁོངས་ཀྱི་རིམ་པ་མཐོ་བ་དང་། ནུས་པ་ཆེ་བ། ཆུ་ཚད་མཐོ་བ་བཅས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་གཏོད་ཆེད་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོགས་ཆེན་ལ་འགོ་ཚུགས་མཛད་སྒོ་དང་གླེང་སྟེགས་གཙོ་བོ་1དང་། ཆེད་དོན་གླེང་སྟེགས་6 དུས་རབས་གསར་པའི་ལོ་བཅུའི་གྲུབ་འབྲས་འགྲེམས་སྟོན་1བཅས་བཀོད་སྒྲིག་བྱས་པ་དང་། རྒྱལ་ཕྱི་རྒྱལ་ནང་གི་མཚོ་འགྲུལ་སྒྲིག་ཆས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་རྩེར་སོན་དང་། སྣེ་འདྲེན་ཁེ་ལས་ཀྱི་གཙོ་འཛིན། ལས་རིགས་རྩ་འཛུགས་ཀྱི་འཐུས་མི་བཅས་གདན་དྲངས་ཡོད་པ་རེད།