དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་སྐབས་12པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-16

    ཉེ་ཆར། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཀྲུང་གོའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་སྐབས་12པ་ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་ཨན་ཤིས་རྫོང་གི་གློག་བརྙན་ཟློས་གར་ཁང་དུ་འགོ་ཚུགས་པ་རེད།

    རྒྱལ་སྤྱིའི་རང་བཞིན་གྱི་དམངས་ཁྲོད་སྒྱུ་རྩལ་སྟོན་ཚོགས་ཀྱི་ངོས་ནས་སྐབས་འདིའི་ཀྲུང་གོའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་ལ་འགོ་ཚུགས་འཁྲབ་སྟོན་དང་། གཞི་རིམ་གྱི་སྤེལ་རེས་སྐོང་འཁྲབ། ཀྲུང་ཕྱིའི་སྒྱུ་རྩལ་མཁས་ཅན་གྱི་མཉམ་སྤྲོའི་དགོང་ཚོགས་ཆེན་པོ། དེ་བཞིན་ཨན་ཤིས་ཀྱི་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཇ་ལོ་འགྲན་བསྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་ལྷུ་ཚིགས་ཡོད་ཅིང་། ཤེས་དཔལ་དང་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་གྲུབ་སྟེ། ས་གནས་དེ་གའི་མང་ཚོགས་ལ་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། རྒྱལ་ཁབ་དང་ས་ཁུལ་མི་འདྲ་བའི་སྒྱུ་རྩལ་མཁས་ཅན་ཚོས་ཀྱང་ད་རེས་ཀྱི་གོ་སྐབས་དེར་བརྟེན་ནས་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་དང་མི་རིགས་ཁག་གི་དམངས་ཁྲོད་སྒྱུ་རྩལ་གྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ནས། ཀྲུང་ཕྱིའི་སྒྱུ་རྩལ་མཁས་ཅན་གྱིས་ལག་གདང་སྦྲེལ་ཏེ། འབད་འབུངས་མདུན་སྐྱོད་དང་ཕྱར་བ་གྲུ་འདེགས་ཀྱི་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་གང་ལེགས་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།