ཀྲུང་གོ་ཁྲེང་ཏུའུ་ཡི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་བརྒྱད་པ་འགོ་ཚུགས་པ།
ཉེ་ཆར། ཀྲུང་གོ་ཁྲེང་ཏུའུ་ཡི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་བརྒྱད་པ་སི་ཁྲོན་ཁྲེང་ཏུའུ་རུ་འགོ་ཚུགས་པ་རེད། སྐབས་འདིའི་རྒྱལ་སྤྱིའི་མངོན་མིན་རིག་གནས་དུས་ཆེན་གྱིས“ཁ་ཆད་ལག་ལེན་མཉམ་སྤྱོད་དང་། ཤེས་དཔལ་མིག་དཔེར་འཛིན་ཤུགས་ཆེ་རུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་ནས། ཁྱད་ཆོས་ལྡན་པའི་དུས་ཆེན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་གྲུབ་འབྲས་འགྲེམས་སྟོན་བྱས་ནས་ཀྲུང་གོའི་ཁ་ཆད་ལག་ལེན་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་ཀྱི་ཡོད་པ་རེད། དེ་ཉིན། ཀྲུང་ཕྱིའི་མགྲོན་པོས་མཉམ་དུ“སི་ཁྲོན་གྱི་སྐོར་སྐྱོད་ཆེན་པོའི”འཁྲབ་སྟོན་ལ་བལྟས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་དང་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་སྤུས་རྟགས་IPལ་དབང་ཆ་སྤྲོད་པའི་འགྲེམས་སྟོན། མངོན་མིན་རིག་གནས་ཤུལ་བཞག་དང་དེང་རབས་འཚོ་བ་མཉམ་འདྲེས་མྱོང་རོལ་འགྲེམས་སྟོན་སོགས་ལ་ལྟ་སྐོར་བྱས་པ་རེད།