དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2035ལོར་སླེབས་སྐབས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་ཀྱི་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-16

    ཉེ་ཆར། ཆུ་བེད་པུས《གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་ཤིང་། 《མཛུབ་ཁྲིད་བསམ་འཆར》དུ་2035ལོར་སླེབས་སྐབས། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་མ་ལག་དང་འཁོར་རྒྱུག་བཟང་པོའི་བདག་སྐྱོང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་ཆུ་མཁོ་འདོན་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་ཀྱི་ཡོད་ཅེས་ཁ་གསལ་བཏོན་ཡོད།

    《མཛུབ་ཁྲིད་བསམ་འཆར》དུ་ནན་བཤད་བྱས་དོན། རྫོང་ཚན་པར་བྱས་ཏེ་ཤར་རྒྱུད་དང་། དབུས་རྒྱུད། ནུབ་བྱང་། ལྷོ་ནུབ། བྱང་ཤར་བཅས་ས་ཁུལ་དབྱེ་ནས། ས་ཁུལ་ཁག་གི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་སྤྱི་འདོམས་བསམ་གཞིག་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་ཞན་ཆ་དུས་ཚོད་དམ་འཛིན་གྱིས་སེལ་བ། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་སྔོན་ལ་ལག་བསྟར་བྱེད་པར་སྐུལ་ལྕག་གཏོང་བ། གནས་ཀྱིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བཅས་བྱས་ཏེ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

    ད་དུང《མཛུབ་ཁྲིད་བསམ་འཆར》དུ་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། ཐབས་ལམ་མང་པོར་བརྟེན་ནས་མ་དངུལ་གྲབས་གསོག ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་ལ་ཤུགས་སྣོན། སྐུལ་ལྕག་འཆུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱེད་པ་བཅས་ཀྱི་འགན་སྲུང་བྱ་ཐབས་ལྔ་ཁ་གསལ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།