ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་སྐྱེལ་འདྲེན་ཐོན་སྐྱེད་ཡག་པོ་བྱུང་བ།
ཟླ་10ཚེས་13ཉིན། ཀྲེ་ཅང་གྲུ་ཁའི་ཆུ་ཐོག་སྐྱེལ་འདྲེན་ལྟེ་གནས་ཀྱི་གྲངས་གཞི་ལས་མངོན་པར། ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་སྐྱེལ་འདྲེན་ཐོན་སྐྱེད་ལ་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་ཅིང་། རིམ་རྩིས་བྱས་ན་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་10.15ཟིན་པ་དེ་དུས་མཚུངས་ལས་5.85%འཕར་ཡོད་པ་དང་། དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་དོས་སྒམ་ཁྲི་2726ཟིན་པ་དེ་དུས་མཚུངས་ལས་3.56%འཕར་ནས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་དཔལ་འབྱོར་གྱི་མཉེན་ཤུགས་དང་གསོན་ཤུགས་མངོན་ཡོད་པ་རེད།
འདི་ནི་ཀྲེ་ཅང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་ཁྲོན་ཧྲན་གྲུ་ཁུལ་གྱི་དོས་སྒམ་གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་པའི་རྣམ་པ་ཡིན་པ།