དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་དགུ་པའི་བར་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་དུས་མཚུངས་ལས་7.3%དང་8.2%སོ་སོར་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-16

    གསར་འགོད་པར་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། འཛད་སྤྱོད་སྲིད་ཇུས་སྔ་རྗེས་སུ་དོན་འཁྱོལ་ཐུབ་པ་དང་། ཐོན་རྫས་གསར་པ་གཅིག་སྡུད་ཐོག་ཁྲོམ་རར་འདོན་པ། ཟོག་འགྲེམས་ལས་རིགས་བརྟན་པོ་འཕར་བ་སོགས་ཀྱི་རྒྱུ་རྐྱེན་གྱི་སྐུལ་འདེད་འོག་རང་རྒྱལ་གྱི་རླངས་འཁོར་ཁྲོམ་རར“བྲིན་ཁ་རྒྱུག་ཉུང་བའི་ནམ་དུས་སུ་བྲིན་ཁ་རྒྱུག་པ་དང་བྲིན་ཁ་རྒྱུག་མང་བའི་ནམ་དུས་སུ་བྲིན་ཁ་དེ་བས་རྒྱུག་པའི”རྣམ་པ་མངོན་ནས་རླངས་འཁོར་ཁྲོམ་རའི་ཕན་འབྲས་རྒྱུན་མཐུད་ཐོན་ཡོད། ཟླ་དང་པོ་ནས་དགུ་པའི་བར། རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁྲི་2107.5དང་ཁྲི་2106.9སོ་སོར་ཟིན་པ་དེ་དུས་མཚུངས་ལས་7.3%དང་8.2%སོ་སོར་འཕར་ཡོད་པ་རེད།

    རླངས་འཁོར་ཟླ་འཁོར་གྱི་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་དུས་མཚུངས་ལས་གཉིས་ཀ་འཕར་བའི་རྣམ་པ་མངོན་ཡོད། ཟླ་9པར། རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁྲི་285དང་ཁྲི་285.8སོ་སོར་ཟིན་པ་དེ་ཟླ་གོང་མའི་དུས་མཚུངས་ལས་10.7%འཕར་ནས། དུས་མཚུངས་ལས་6.6%དང་9.5%སོ་སོར་འཕར་ཡོད།

    ནུས་རྒྱུ་གསར་པའི་རླངས་འཁོར་ཟླ་འཁོར་གྱི་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཟིན་ཐོ་གསར་པ་བཏོད་ཡོད། ཟླ་9པར་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁྲི་87.9དང་ཁྲི་90.4སོ་སོར་ཟིན་པ་དེ་དུས་མཚུངས་ལས་16.1%དང་27.7%སོ་སོར་འཕར་ནས་ཁྲོམ་ར་བཟུང་ཚད་31.6%ཟིན་ཡོད།

    རླངས་འཁོར་ཕྱིར་གཏོང་བྱེད་ཚད་རྒྱུན་མཐུད་མགྱོགས་མྱུར་འཕར་ཡོད། ཟླ་དང་པོ་ནས་དགུ་པའི་བར། རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་338.8ཟིན་པ་དེ་དུས་མཚུངས་ལས་60%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།