དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་ཁག་གི་ལོ་ཆུང་གདོང་ལེན་རུ་མིས་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-15

    ཟླ་10ཚེས་13ཉིན་ནི་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་74འཁོར་བའི་དྲན་གསོའི་ཉིན་མོ་ཡིན་པ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་གྱིས“དུས་རབས་གསར་པའི་རུ་མི་ཡག་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་པའི”བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ཉིན་ཤས་བསྟུད་མར་ས་གནས་ཁག་གི་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ཀྱིས་རུ་ཁག་གི་ཚོགས་འདུ་དང་རུ་ཁག་གི་ཉིན་མོའི་བྱེད་སྒོ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་མཛད་སྒོ་སོགས་སྤེལ་བ་བརྒྱུད་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིའི་སྣེ་ཁྲིད་དེ་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་ཚད་ཤེས་རྟོགས་བྱེད་པ་དང་། དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་ཡུལ་དངོས་ནས་བཙལ་འཚོལ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བསམ་གཞིག་བྱེད་པ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཤུལ་འཛིན་པ་དང་གཙོ་ཤུགས་དམག་ཏུ་འཚར་ལོངས་ཡོང་བའི་འདུན་པ་འཆང་བ་བཅས་བྱས་པ་རེད།

    པེ་ཅིང་དུ་གྲོང་ཁྱེར་ཡོངས་ཀྱི་རུ་མི་གསར་པའི་འཐུས་མི་200ཡིས་པེ་ཅིང་གྲོང་ཁྱེར་གྱི་གཞོན་ནུའི་ཕོ་བྲང་དུ་ལོ་ཆུང་གདོང་ལེན་རུ་ཁག་ནང་གཟི་བརྗིད་ལྡན་པའི་ངང་ཞུགས་ཏེ་ས་གནས་ས་ཐོག་ཏུ་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་དང་ལོ་ཆུང་གདོང་ལེན་རུ་མི་མི་རབས་ནས་མི་རབས་ཏང་གི་ཐུགས་འཁུར་འོག་བདེ་ཐང་ངང་འཚར་ལོངས་བྱུང་བའི་གསོན་ཉམས་དོད་པའི་གཏམ་རྒྱུད་སློབ་སྦྱོང་དང་ཤེས་རྟོགས་བྱས་པ་རེད།

    ཧུའུ་ནན་ཁྲང་ཧྲ་རུ་ལོ་ཆུང་གདོང་ལེན་རུ་མི་ཚོ་ལུང་ཕིང་ཆུ་འབྲས་རྟེན་མཛོད་ཁང་དུ་བསྐྱོད་དེ་ཆུ་འབྲས་ཀྱི་ཤེས་བྱ་སློབ་སྦྱོང་དང་ཤེས་རྟོགས་བྱས་ཏེ“དཔྱད་རྩོམ་མེས་རྒྱལ་གྱི་ས་གཞི་ཆེ་མོར་འབྲི་བའི”ཚན་རིག་མཁས་ཅན་གྱི་སྙིང་སྟོབས་མྱོང་རྟོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།