དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་དུ་ཆུ་ཚད་མཐོ་བའི་གྲངས་འཛིན་ཅན་གྱི་འཁོར་ཁང་དང་རིག་ནུས་བཟོ་གྲྭ་2100ལྷག་ཙམ་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-15

    གསར་འགོད་པར་ཉེ་ཆར་འཚོགས་པའི་2023ལོའི(སྐབས་ལྔ་པ)གོ་ལ་ཧྲིལ་པོའི་བཟོ་ལས་དྲ་སྦྲེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ད་ཕན་ལོ་ཤས་རིང་རང་རྒྱལ་གྱི་རིག་ནུས་བཟོ་སྐྲུན་དང་བཀོལ་སྤྱོད་ཀྱི་གཞི་ཁྱོན་དང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཞིང་། འདི་ལོའི་ཟླ་3པ་བར་རང་རྒྱལ་དུ་ཆུ་ཚད་མཐོ་བའི་གྲངས་འཛིན་ཅན་གྱི་འཁོར་ཁང་དང་རིག་ནུས་བཟོ་གྲྭ་2100ལྷག་ཙམ་བསྐྲུན་པའི་ནང་དཔེ་སྟོན་ཚད་ཤིང་བཟོ་གྲྭ་209ཡོད་པ་རེད། སྒྱུར་བཀོད་བྱས་རྗེས་བཟོ་གྲྭ་དེ་དག་གི་ཐོན་རྫས་ཞིབ་སྤེལ་གྱི་དུས་འཁོར་20.7%བར་ཐུང་དུ་ཕྱིན་པ་དང་། ཐོན་སྐྱེད་ཀྱི་ལས་ཕྱོད་34.8%འཕར་བ། བཟོ་སྐྲུན་ལས་རིགས་རིག་ནུས་ཅན་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།