སོག་མ་གཟན་རྩྭར་འགྱུར་བས་ཁོར་ཡུག་སྲུང་སྐྱོང་ཐུབ་ལ་འབབ་འཕར་ཡང་བྱུང་བ།
འདི་ནི་ཧོ་ནན་ཞིང་ཆེན་ཆན་དབྱང་གྲོང་ཁྱེར་པའེ་ཤང་གྲོང་རྡལ་ནན་ཝང་གྲོང་ཚོའི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ཞིག་གི་ཧྲི་ཡོན་གྱིས་གཟན་རྩྭ་ཐུམ་སྒྲིལ་རྒྱག་བཞིན་པ།
སྟོན་དུས་སུ་ཧོ་ནན་ཞིང་ཆེན་ཆན་དབྱང་གྲོང་ཁྱེར་གྱི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་འགས་ཞིང་ལས་འཕྲུལ་ཆས་ཉོས་ནས་མ་རྨོས་ལོ་ཏོག་བསྡུས་པ་དང་དུས་མཚུངས་མ་རྨོས་ལོ་ཏོག་གི་སོག་མ་བསྡུ་བ་དང་། ཐུམ་རྒྱག སེམས་ཅན་གྱི་གཟན་རྩྭར་ལས་སྣོན། ཕྱུགས་གསོ་ར་བར་ཚོང་བ་སོགས་བྱས་པས། མ་རྨོས་ལོ་ཏོག་གི་སོག་མ་གང་བྱུང་དུ་མི་དབྱུག་པར་བསྲེགས་པས་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་པ་མ་ཟད། དཔལ་འབྱོར་གྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད།