དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུ་ཡིན་པས་རྒྱལ་ཁབ་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་རིང་འཛད་སྤྱོད་ཀྱི་རྣམ་པ་འཁྲུག་པོ་ཡོད་པ་ལས་ཀྲུང་གོའི་དཔལ་འབྱོར་གྱི་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རའི་མདུན་ལམ་དང་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་མངོན་ཡོད། ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུ་ཡིན་པས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་འདེགས་སྐྱོར་གལ་ཆེན་ཐུབ་རྒྱུ་རེད་ལ། རྒྱལ་ཁབ་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་རིང་ཀྲུང་གོའི་མངའ་ཁོངས་ཕྱི་ནང་གི་ཡུལ་སྐོར་ལས་རིགས་སླར་གསོ་ཡག་པོ་བྱུང་ནས་འཛད་སྤྱོད་ཀྱི་གྲངས་གཞི་མུ་མཐུད་མཐོ་རུ་འགྲོ་བཞིན་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་མི་ཉུང་བ་ཞིག་གིས་ཀྲུང་གོའི་ཡུལ་སྐོར་གྱི་ཚ་རླབས་ཐད་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་དེ་ཐོག་ནས་ཀྲུང་གོའི་དཔལ་འབྱོར་དང་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་མངོན་པའི་ངོས་འཛིན་བྱས་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    དབང་ཝུན་པིན་གྱིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་རིང་ཀྲུང་གོའི་མི་སེར་གྱི་ཡུལ་སྐོར་འཛད་སྤྱོད་སྤྲོ་སེམས་ཡོངས་སུ་མངོན་ནས“འགྲུལ་བཞུད་ཀྱི་ཀྲུང་གོ”ལས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེན་པོ་དང་། མི་མངོན་པའི་སྟོབས་ཤུགས་ཆེན་པོ། གསོན་ཤུགས་རྒྱས་པ་བཅས་སླར་ཡང་ར་སྤྲོད་བྱུང་ཡོད། གྲངས་གཞི་ལས་མངོན་གསལ། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་ཉིན་8ནང་ཀྲུང་གོའི་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དང་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་དུས་མཚུངས་ལས་ཆེས་ཆེར་འཕར་ནས་བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་བསྡུར་ན། 2019ལོ་ལས་4.1%དང་1.5%སོ་སོར་འཕར་ཡོད། གུང་གསེང་རིང་འབྲེལ་ཡོད་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་རྒྱལ་ཡོངས་སུ་སིལ་ཚོང་བྱས་པའི་ཉིན་རེའི་ཆ་སྙོམས་འཛད་སྤྱོད་2019ལོའི་དུས་མཚུངས་ལས་153%འཕར་ཡོད། རྒྱལ་སྟོན་གྱི་སྤྲོ་གསེང་གཟའ་འཁོར་རིང་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་1.95སྐྱེལ་འདྲེན་བྱས་པ་དང་ཉིན་གཅིག་ལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་དེ་ལོ་རྒྱུས་ཐོག་མི་ཐེངས་ཁྲི་2000ལས་ཐེངས་དང་པོར་བརྒལ་ཡོད་ཅེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས“ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་གཉིས་པ་དང་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱི་ཁྲོམ་ར་ཆེན་པོ་ཞིག་རེད། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་རིང་འཛད་སྤྱོད་ཀྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་ལས་ཀྲུང་གོའི་དཔལ་འབྱོར་གྱི་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རའི་མདུན་ལམ་དང་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་མཚོན་ཐུབ” གཞི་ཆེའི་དཔལ་འབྱོར་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་མངོན་པ་དང་ཆབས་ཅིག་ཀྲུང་གོའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད། ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུ་ཡིན་པས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་འདེགས་སྐྱོར་གལ་ཆེན་བྱ་རྒྱུ་རེད་ལ། རྒྱལ་ཁབ་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་གོ་སྐབས་དེ་བས་མང་པོ་ཐོབ་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།