ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་བྷང་ག་ལ་རྒྱལ་ཁབ་ཀྱི་ལྕགས་ལམ་རྣམ་གྲངས་ཆེ་ཤོས་ཀྱི་ཤར་གཏོང་ཐུབ་པའི་དུམ་བུ་ཐོག་མ་གཉེར་སྐྱོང་བྱས་པ།
ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་བྷང་ག་ལ་རྒྱལ་ཁབ་ཀྱི་ལྕགས་ལམ་རྣམ་གྲངས་ཆེ་ཤོས་ཕ་ཏེ་མ་ཟམ་ཆེན་ལྕགས་ལམ་གྱི་འབྲེལ་མཐུད་ལམ་ཏ་ཁ་ནས་ཕན་ཅ་བར་གྱི་དུམ་བུ་ཚེས་10ཉིན་དངོས་སུ་ཤར་གཏོང་ཐུབ་ཡོད། ལྕགས་ལམ་དེར་སྤྱིའི་རིང་ཚད་སྤྱི་ལེ་170ཟིན་པ་དང་ད་རེས་ཤར་གཏོང་ཐུབ་པའི་དུམ་བུ་ཐོག་མའི་སྤྱིའི་རིང་ཚད་སྤྱི་ལེ་80ལྷག་ཙམ་ཡོད་ཅིང་། འདི་ནི་བྷང་ག་ལ་རྒྱལ་ཁབ་ཀྱི་མོང་ཞི་ཀན་ཅེ་ནས་པར་བླངས་པའི་ཕ་ཏེ་མ་ཟམ་ཆེན་ལྕགས་ལམ་གྱི་འབྲེལ་མཐུད་ལྕགས་ལམ་ནས་མེ་འཁོར་གཏོང་ཉེར་ཡོད་པའི་གནས་ཚུལ་ཡིན་པ།