དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་78པའི་ཐོག་གཉེར་བའི་འདེམས་ཤོག་འཕེན་པའི་འདེམས་བསྐོའི་ཁྲོད་ཀྲུང་གོ་སླར་ཡང་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཏུ་བདམས་ཐོན་བྱུང་ཡོད། ཚེས་11ཉིན་འབྲེལ་ཡོད་ཀྱི་དྲི་བར་ལན་འདེབས་སྐབས་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    “ཟླ་10ཚེས་10ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་78པའི་ཐོག་2024ལོ་འཁོར་ནས་2026ལོ་འཁོར་གྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱས་པ་དང་། ཀྲུང་གོས་བདེ་བླག་ངང་ལས་འགན་བསྟུད་འཛིན་བྱས་ཡོད། འདི་ནི་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགན་འཁུར་ཐེངས་དྲུག་པ་ཡིན་ལ་ཀྲུང་གོ་ནི་བདམས་ཐོན་བྱུང་མང་ཤོས་ཀྱི་རྒྱལ་ཁབ་གྲས་ཡིན”ཞེས་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་བརྗོད་པ་རེད།

    དབང་ཝུན་པིན་གྱིས། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལག་བསྟར་བྱེད་ཀྱི་ཡོད་ལ་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མཐའ་འཁྱོངས་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན། དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ལ་རང་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་ཏུ་བསྐྱོད་ཐུབ་ནས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐོང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ལས་འགན་བསྟུད་འཛིན་བྱས་པའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤེལ་རེས་དང་མཉམ་ལས་ནང་ཧུར་ཐག་ཞུགས་པའི་ཐད་གདེང་འཇོག་གང་ལེགས་དང་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཁྲོད་ཀྲུང་གོས་ནུས་པ་གལ་ཆེན་བཏོན་པར་ཁས་ལེན་ཆེན་པོ་བྱེད་ལུགས་གསལ་པོ་མཚོན་ཡོད་ཅེས་བརྗོད་ཡོད།

    “ཀྲུང་གོ་ཕྱོགས་ཀྱིས་ད་རེས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ལ་བདམས་པ་གོ་སྐབས་བཟང་པོར་བརྩིས་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་མུ་མཐུད་ཧུར་ཐག་ཞུགས་རྒྱུ་མ་ཟད། རྒྱལ་ཁབ་ཁག་དང་འགྲོ་བ་མིའི་ཐོབ་ཐང་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་བྱས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན”ཞེས་ཁོང་གིས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།