དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-14

    ཟླ་10ཚེས་12ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ།

    ● འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་སྔར་བས་ཡག་པ་དང་ཞབས་འདེགས་དེ་བས་ལེགས་པར་ཞུ་དགོས།

    ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་དང་། ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོར་དམ་འཛིན་དང་གསར་འབྱེད་ཆེན་པོ་མི་བྱེད་པ་མཐའ་འཁྱོངས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས། ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ། སྲིད་ཇུས་མཐུན་སྦྱོར་དང་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་། ཕུགས་ཀྱི་ཐབས་ཇུས་ལག་ལེན་བསྟར་བ། ཡུན་རིང་དུས་བདེའི་རྨང་གཞི་འཛུགས་པ་བཅས་བྱས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་སྔར་བས་ཡག་པ་དང་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཕུགས་ནས་བལྟས་ཚེ་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་རྩའི་ཐོག་འབྲི་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་དགོས། དེས་ན། བློ་བརྟན་འགྱུར་མེད་ངང་ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོར་དམ་འཛིན་དང་གསར་འབྱེད་ཆེན་པོ་མི་བྱེད་པ་མཐའ་འཁྱོངས་ཀྱིས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཐད་ཤུགས་དེ་བས་ཆེ་བ་རྒྱག་དགོས། འབྲི་ཆུའི་རྒྱུད་ཀྱི་ས་གནས་ཁག་གི་སྐྱེ་ཁམས་དམར་ཐིག་གཏན་འཁེལ་བྱས་ཟིན་པས། ངེས་པར་དུ་ཡག་པོ་སྲུང་བ་དང་དོ་དམ་ཐུབ་པ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ཆོག་འཐུས་གསལ་ཐོ་ལག་བསྟར་ནན་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབྱེ་འབྱེད་གཏན་འབེབས་བྱས་པའི་ས་གནས་དེ་གའི་སྐྱེ་ཁམས་བར་མཐོངས་གལ་ཆེན་ལ་རྒྱུས་མངའ་ཡོད་པ་བྱས་ཏེ་སྔོན་ལ་སྲུང་སྐྱོང་དང་སྲུང་སྐྱོང་ནན་པོ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྦགས་བཙོག་བཅོས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་ལ་སྤྱི་འདོམས་བྱེད་པ། རླུང་ཁམས་ཆེ་མོ་དང་ས་རྒྱུའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གྲལ་མགོའི་སྦགས་བཙོག་ཚོད་འཛིན་ལ་དེ་བས་དོ་སྣང་བཅས་བྱས་ཏེ་འབྱུང་རྩ་ནས་སྦགས་བཙོག་དངོས་པོ་ཕྱིར་འབུད་ཚད་དམའ་རུ་གཏོང་དགོས། འབྲི་ཆུར“ལོ་བཅུའི་རིང་ཉ་རྒྱ་སྡོམ་པར”སྐུལ་འདེད་མཐའ་གཅིག་ཏུ་བཏང་སྟེ་ཐོབ་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་ཁེབས་རྒྱ་ཆེར་གཏོང་བ། དཔལ་འབྱོར་འཕར་བ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། ཐོན་ལས་ལྗང་མདོག་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། ལྗང་མདོག་ཐཱན་ཉུང་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ། ལྗང་མདོག་ལག་རྩལ་དང་ལྗང་མདོག་ཐོན་རྫས་འཕེལ་རྒྱས་ཧུར་ཐག་གཏོང་བ། དཔལ་འབྱོར་ལྗང་མདོག་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གཏིང་ཤུགས་ཆེ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་མཐའ་འཁྱོངས་ཀྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཚན་ཞིབ་ལེགས་ཆ་དང་ཤེས་ལྡན་མི་སྣའི་ལེགས་ཆ་དེ་དག་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་བྱས་ནས་ཁྱབ་ཁོངས་གསར་པ་དང་རྒྱུག་ལམ་གསར་པ་ཧུར་ཐག་སྐྲུན་པ་དང་འཕེལ་རྒྱས་བཏང་སྟེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་དགོས། ཚན་སློབ་ཐོན་ཁུངས་ལེགས་སྒྱུར་སྡེབ་སྒྲིག་དང་ཚན་རྩལ་གསར་གཏོད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འབྲེལ་ཐག་དེང་རབས་ཅན་ལ་དམིགས་ཏེ། ཁྱབ་ཁོངས་གསར་པ་དང་རྒྱུག་ལམ་གསར་པའི་སྣེ་ཁྲིད་རང་བཞིན་གྱི་ལག་རྩལ་འགག་སྒྲོལ་ལ་བཀོད་སྒྲིག་ཧུར་ཐག་བྱེད་པ་དང་། རིམ་པ་མཐོ་བའི་ཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུ་བ། ཚན་རྩལ་གསར་ཤོས་ཁྱབ་ཁོངས་ཀྱི་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། འགག་རྩའི་ལྟེ་བའི་ལག་རྩལ་ཁག་ཅིག་མགྱོགས་མྱུར་འགག་སྒྲོལ་ཐུབ་པ་བཅས་བྱེད་དགོས།

    ཞི་ཅིན་ཕིང་གིས་བསྟན་གནང་དོན། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཤར་ནུབ་འཕྲེད་བཅད་དང་། ལྷོ་བྱང་འབྲེལ་མཐུད། གཙང་པོ་དང་རྒྱ་མཚོར་ཁྱབ་པ་བཅས་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་འབྲེལ་མཐུད་དེ་བས་ཡག་པོ་དང་ཐོན་ཁུངས་གཉིས་བེད་སྤྱོད་ཡག་པོ་བྱེད་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་བློས་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་བ། རྒྱལ་སྤྱིའི་འཁོར་སྐྱོད་ཀྱི་ཡིད་དབང་འཕྲོག་ཤུགས་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་ཆེད་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་དགོས། ཐོན་ལས་འཕེལ་རྒྱས་ཐད་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་རང་རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱེད་དགོས་ལ། མཐུན་སྦྱོར་འཕེལ་རྒྱས་དང་། ཐབས་སྒྱུར་འཕེལ་རྒྱས། མཉམ་འགུལ་འཕེལ་རྒྱས་བཅས་ཀྱང་བྱེད་དགོས། འབྲི་ཆུའི་རྒྱུད་ཀྱི་ཐོན་ལས་བཀོད་པ་དང་ཕྱོགས་སྒྱུར་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱེད་པ་དང་ཐོན་སྐྱེད་ནུས་ཤུགས་གལ་ཆེན་གྱི་བཀོད་པ་ལེགས་སུ་བཏང་སྟེ། མ་དངུལ་དང་། ལག་རྩལ། ངལ་རྩོལ་མང་འདུས་ཅན་གྱི་ཐོན་ལས་བཅས་ཤར་རྒྱུད་ནས་དབུས་ནུབ་རྒྱུད་དང་། ལྟེ་བའི་གྲོང་ཁྱེར་ནས་དབུས་རྒྱུད་དུ་གོ་རིམ་ལྡན་པའི་ངང་ཕྱོགས་སྒྱུར་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ས་ཁོངས་མཐུན་སྦྱོར་དང་རྒྱུན་འཁོར་མང་དུ་གཏོང་རྒྱུ་དེ་ཤུགས་རྒྱག་སར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཞིང་ཆེན་དབར་མཉམ་གྲོས་དང་། སྐྱེ་ཁམས་མཉམ་བཅོས། ས་ཁོངས་ཧྲིལ་པོ་མཉམ་སྐྲུན། འཕེལ་རྒྱས་འབྲས་བུ་མཉམ་སྤྱོད་བཅས་མཐའ་འཁྱོངས་ཀྱིས་ས་ཁོངས་ཀྱི་འགྲིམ་འགྲུལ་མཉམ་འབྲེལ་རང་བཞིན་དང་། སྲིད་ཇུས་གཅིག་གྱུར་རང་བཞིན། སྒྲིག་སྲོལ་གཅིག་མཐུན་རང་བཞིན། ལག་བསྟར་མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་བཏང་སྟེ་སྐྱེ་ཁམས་གཅིག་མཐུན་འདུས་གྲུབ་དང་ཁེ་ཕན་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་ཐོག་ནས་ས་ཁོངས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཇུས་འགོད་དང་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་བསྡུས་ཡོངས་ཁྱབ་ཀྱི་འགྲིམ་འགྲུལ་བར་ཁྱམས་སྐྲུན་མགྱོགས་སུ་གཏོང་བ། འགྲིམ་འགྲུལ་དྲ་རྒྱ་ཕན་ཚུན་འབྲེལ་མཐུད་དང“གཞུང་ལམ་དང་། ཆུ་ལམ། ལྕགས་ལམ”སོགས་སྐྱེལ་འདྲེན་བྱེད་སྟངས་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། ས་ཁོངས་འགྲིམ་འགྲུལ་གཞི་གཅིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། བདག་དབང་སྲུང་སྐྱོང་དང་། ཁྲོམ་རར་ཞུགས་འཐུས། དྲང་སྙོམས་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཀྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁོངས་དང་། སྡེ་ཚན། རིམ་པ་བཅས་ལས་བརྒལ་བའི་གྲངས་གཞིའི་ཆ་འཕྲིན་མཉམ་སྤྱོད་དང་ལས་རིམ་ཕན་ཚུན་འབྲེལ་མཐུད་བྱས་ནས་འཐུས་སྒོ་ཚང་དུ་བཏང་སྟེ། སྲིད་དོན་ཞབས་ཞུའི་མཉམ་ལས་ཟབ་ཏུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས།

    ཞི་ཅིན་ཕིང་གིས་བསྟན་གནང་དོན། འབྲི་ཆུའི་དཔལ་འབྱོར་ཁུལ་དེ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་། ནུས་རྒྱུ་བདེ་འཇགས། གལ་ཆེའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས། ཆུའི་བདེ་འཇགས་སོགས་ལ་སྲུང་སྐྱོང་བྱེད་པའི་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ནས་ས་ཁོངས་གཅིག་གི་བརྟན་ལྷིང་ལ་བརྟེན་ནས་སྤྱི་ཡོངས་ཀྱི་དུས་བདེར་ལེགས་སྐྱེས་འབུལ་དགོས། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་འབྲུ་རིགས་གཙོ་ཐོན་ཁུལ་ལམ་ཡང་ན་འཚོང་ཁུལ་གཙོ་བོ་དང་ཐོན་ཚོང་དོ་སྙོམས་ཁུལ་གང་ཡིན་རུང་ཚང་མས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཡག་པོ་འཁུར་དགོས། རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྐྱེ་ཁམས་བཅས“ཕྱོགས་གསུམ་གཞི་གཅིག”གི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུན་གནས་ཀྱི་རྨང་གཞིའི་ས་ཞིང་དེ་ཚད་གཞི་མཐོ་བའི་ས་ཞིང་དུ་རིམ་བཞིན་སྐྲུན་པ། ཞིང་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་དངོས་ཀྱི་སོན་གསོའི་རྣམ་གྲངས་གལ་ཆེན་ལག་བསྟར་བཅས་བྱས་ནས་སོན་ལས་ཁེ་ལས་ཀྱི་རང་རྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས། འབྲུ་རིགས་ཐོན་འཕར་ཡོང་བའི་གཙོ་གནད་དེ་རྒྱ་ཁྱོན་ཆེན་པོའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་རྒྱུའི་ཐོག་འཇོག་པ་དང་ཞིང་བཟང་སོན་བཟང་དང་། དུས་སྐབས་བཟང་པོ་དང་བྱ་ཐབས་བཟང་པོ་གཅིག་སྡུད་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྣམ་པ་སྣ་ཚོགས་འཕེལ་རྒྱས་གཏོང་དགོས། རྒྱལ་ཡོངས་ཀྱི“མིག་མངས་འགྲིག་སྐོར་གཅིག”མཐའ་འཁྱོངས་ཀྱིས་སྟོད་རྒྱུད་ས་ཁུལ་དང་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་དབར་གྱི་ནུས་རྒྱུ་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་དགོས། རྡོ་སོལ་སོགས་འགྱུར་རྡོའི་ནུས་རྒྱུའི་ཐ་སྐྱོང་འགན་སྲུང་ནུས་པར་ཤུགས་སྣོན་རྒྱག་པ་དང་རྡོ་སོལ་གཙང་ཞིང་ཕན་འབྲས་ཆེ་བའི་ངང་བེད་སྤྱོད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། ཆུ་གློག་སོགས་ལེགས་ཆ་ལྡན་པའི་སྲོལ་རྒྱུན་གྱི་ནུས་རྒྱུ་དང་རླུང་གློག་དང་། འོད་ཤུགས། ཆིང་ནུས་སོགས་ནུས་རྒྱུ་གསར་པའི་དབར་ནུས་མང་གསབ་རེས་དང་མཉམ་འདྲེས་གཏིང་ཟབ་བྱེད་པར་སྣང་ཆེན་བྱས་ནས། ནུས་རྒྱུའི་མ་ལག་གསར་པ་སྐྲུན་མགྱོགས་སུ་གཏོང་བ་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།