དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་བཟོ་བཀོད་པས་ང་ཚོ་དང་མཉམ་དུ་བྱས་རྗེས་ངོ་མཚར་ཅན་དེ་བཏོད་ཡོད”

    —— ཁ་རེ་ཤེ་ཡའི“རྒྱུད་གཅིག་ལམ་གཅིག”རྣམ་གྲངས་ཀྱི་སའེ་ཉི་རླུང་གློག་གི་སྤྱི་ཁྱབ་བཟོ་བཀོད་པ་ཕུར་ཕི་ཆིར་བཅར་འདྲི་བྱས་པའི་སྐོར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-13

    སའེ་ཉི་རླུང་གློག་རྣམ་གྲངས་དེ་ཀྲུང་གོ་བྱང་ཕྱོགས་བཟོ་ལས་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་བྱང་ཕྱོགས་རྒྱལ་སྤྱི་མཉམ་ལས་མ་རྐང་ཚད་ཡོད་ཀུང་སི(བསྡུས་མིང་ལ་བྱང་ཕྱོགས་རྒྱལ་སྤྱི)ཡིས་མ་དངུལ་བཏང་ནས་སྐྲུན་འགན་འཁུར་ཞིང་། 2018ལོའི་ཟླ་11པར་སྐྲུན་འགོ་ཚུགས་པ་དང་2021ལོའི་ཟླ་12པར་སྤྱོད་འགོ་ཚུགས་ཡོད། རྣམ་གྲངས་དེས་ལོ་ལྟར་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་5.3ཟིན་པའི་ལྗང་མདོག་གློག་ཤུགས་མཁོ་འདོན་བྱས་ནས་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་ཏུན་ཁྲི་46ཙམ་ཉུང་དུ་བཏང་སྟེ་ཁ་རེ་ཤེ་ཡས་ནུས་རྒྱུ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད།

    ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་བ་དང་སྐྲུན་འགན་འཁུར་བའི་ཁ་རེ་ཤེ་ཡའི་སའེ་ཉི་རླུང་གློག་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཙེ་ལ་ཐེ་ཁོའོ·ཕུར་ཕི་ཆིས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཡིན་པའི་སའེ་ཉི་རླུང་གློག་རྣམ་གྲངས་ནི་ཁ་ཀྲུང་གི་གཉིས་ཁེ་གཉིས་ཕན་མཉམ་ལས་ཀྱི་དཔེ་མཚོན་འདུ་འགོད་ཅིག་རེད། རྣམ་གྲངས་དེས་སའེ་ཉི་ས་ཁུལ་དང་ཐ་ན་ཁ་རེ་ཤེ་ཡ་ཧྲིལ་པོར་ལྗང་མདོག་གློག་ཤུགས་མཁོ་འདོན་བྱས་པ་དང་ས་གནས་དེ་གར་ལས་ཞུགས་ཀྱི་གོ་སྐབས་མང་པོ་བཏོད་ཡོད་ལ་རྣམ་གྲངས་ནང་ཞུགས་མཁན་ཁ་རེ་ཤེ་ཡའི་ཀུང་སི་40ལྷག་ཙམ་ལ་རྩ་ཆེའི་ཉམས་མྱོང་ཐོབ་ནས་ཁ་རེ་ཤེ་ཡ་ཙམ་མ་ཟད། ཐ་ན་ཡོ་རོབ་ཁྲོམ་རའི་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཡང་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།

    ཕུར་ཕི་ཆིས། སའེ་ཉི་རླུང་གློག་རྣམ་གྲངས་བརྒྱུད་བྱང་ཕྱོགས་རྒྱལ་སྤྱིས་ཀྲུང་གོའི་ལག་རྩལ་དང་། ཀྲུང་གོའི་སྤུས་ཚད། ཀྲུང་གོའི་མྱུར་ཚད་བཅས་བཏོན་ནས་ཁ་ཀྲུང་གི་འབྱུང་འགྱུར་མཉམ་ལས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། བྱང་ཕྱོགས་རྒྱལ་སྤྱིས་ད་དུང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཧུར་ཐག་བསྒྲུབས་ནས་ས་གནས་དེ་གའི་སྡེ་ཁུལ་ལ་རོགས་རམ་བྱས་པས་ས་གནས་དེ་གའི་བསྔགས་བརྗོད་ཐོབ་ཡོད་ཅེས་བརྗོད།

    ཕུར་ཕི་ཆི་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་སླེབས་ཀྱང་ཁོང་གི་ཆེད་ལས་དང་ལས་བཀུར་གྱི་སྙིང་སྟོབས་ལ་གཞིགས་ན་རྣམ་གྲངས་ཚོགས་ཆུང་གིས་ཁོང་མུ་མཐུད་གདན་ཞུ་བྱས་ནས་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་བཀོད་པའི་འགན་འཁུར་དུ་འཇུག་རྒྱུའི་བསམ་བློ་གཏོང་གི་ཡོད། ཕུར་ཕི་ཆིས་ཀྱང་སའེ་ཉི་རླུང་གློག་རྣམ་གྲངས་ལ་དགོས་མཁོ་ཡོད་ཚེ་མུ་མཐུད་ལས་ཀ་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།