དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • “སེ་འབྲུའི་རྡོག”ལྟར་གོང་བུ་གཅིག་ཏུ་སྒྲིལ། བརྩེ་སེམས་ ཟབ་མོས“མཐུན་སྒྲིལ་མེ་ཏོག”བསྐྱངས།

    —— སྤོ་བོ་རྫོང་གི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-13

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་ནས་ལོ་གཉིས་སོང་རིང་། སྤོ་བོ་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་འཆང་བ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་འདི་ལོ་སླར་ཡང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་བསྐྱར་འདེམས་དང་བསྐྱར་ཞིབ་ཐུབ་པ་རེད།

    དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་བསྒྲུབས་པ།

    “དེ་དག་ཚང་མ་ཡིད་འོང་གི་བོད་ཕག་གི་ཤ་ཡིན་པས། སུར་པན་སྨོག་ནས་མཆོད་ན་བྲོ་བ་གཞན་ལས་ཆེ་བ་ཡོད”

    སྐུ་མགྲོན་ཚོར་ཡུལ་དེའི་ཁྱད་ལྡན་ཚལ་ངོ་སྤྲོད་བྱེད་མཁན་སྦྱིན་བདག་དེའི་མིང་ལ་ཀྲོའུ་ཅིན་མིང་ཟེར་ཞིང་། སི་ཁྲོན་ལེ་ཧྲན་ནས་རེད། 2007ལོར་ཀྲོའུ་ཅིན་མིང་སྤོ་བོར་སླེབས་རྗེས་ཡིད་འོང་ཤང་གི་བུ་མོ་ཉི་མ་ལྷ་མོ་དང་གཉེན་སྒྲིག་བྱས་ནས་ཡིད་འོང་ཤང་དུ་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་བ་དང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

    ཀྲོའུ་ཅིན་མིང་དང་ཉི་མ་ལྷ་མོ་ནི་སྤོ་བོ་རྫོང་ནས་ཐོན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་མང་པོའི་ཁྲོད་ཀྱི་མཚོན་བྱེད་ཙམ་ཞིག་རེད།

    ལོ་གཉིས་རིང་སྤོ་བོ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཐད་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། 2022ལོར་སྤོ་བོ་རྫོང་ལ་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྫོང་ཁག་དང་པོའི་མིང་བཏགས་པ་དང་། ཁྲབ་རྨོག་གི་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོར་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་ཁག་དང་པོའི་མིང་བཏགས་པ་ལ་སོགས་ནི་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས། ཚང་མས་འཆམ་མཐུན་ངང་ས་གཞི་ཆེ་མོ་དེ་གསར་སྤེལ་དང་འཛུགས་སྐྲུན་བྱེད་བཞིན་མཆིས།

    ཐུན་མོང་ཐོག་དར་རྒྱས་གོང་འཕེལ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ།

    མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་སྣང་ཁྲོད་མངོན་པ་མ་ཟད། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཁྲོད་མངོན་ཐུབ།

    “བྲོ་ཞིམ་བསྲེགས་ཟས་ཀྱི་བྲོ་བ་གཟིགས་ཙམ་གནང་དང”སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་མཁར་རྨོག་གྲོང་ཚོའི་བསྲེགས་ཟས་ཁྲོམ་བཀྱག་ཅིག་གི་མདུན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། སྦྱིན་བདག་རྒྱལ་མགོན་གྱི་ཞིམ་ཟས་ངོ་སྤྲོད་བྱེད་བཞིན་ཡོད། ཡུལ་སྐོར་བས་གངས་རིའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པ་དང་ཆབས་ཅིག་ད་དུང་ཞིམ་ཟས་ཀྱི་བྲོ་བ་མྱོང་ཐུབ། ཡུལ་སྐོར་བ་མང་བའི་དུས་ཚིཌ་སུ་རྒྱལ་མགོན་ལ་ཉིན་གཅིག་གི་ཡོང་འབབ་སྒོར་4000ལྷག་ཙམ་ཡོང་གི་ཡོད།

    “གྲོང་མིས་མ་དངུལ་སྒོར་ཁྲི་7.5རང་གྲབས་བྱས་པ་དང་སྲིད་གཞུང་གིས་ཁ་གསབ་སྒོར་ཁྲི་2.5སྤྲད་ནས་ཁྲོམ་བཀྱག་གསར་པ་25བཙུགས་ནས་བུད་མེད་མང་ཚོགས་25ལ་རང་བརྟེན་ལས་གཏོད་བྱེད་པར་ལྕག་སྐུལ་དང་ཁྲིད་སྟོན་བྱས་པ་དང་། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཁྲོམ་བཀྱག་རེའི་ཉིན་རེའི་ཚོང་གཉེར་ཡོང་འབབ་ཆ་སྙོམས་སྒོར་600ནས་1000ལྷག་ཙམ་ཟིན་ནས་གྲོང་མིའི་འབབ་འཕར་ལམ་བུ་ཡངས་སུ་ཕྱིན་པ་དང་གྲོང་གསེབ་ཀྱི་ཡུལ་སྐོར་དཔལ་འབྱོར་དར་རྒྱས་བྱུང་ཡོད”མཁར་རྨོག་གྲོང་ཚོར་བཅའ་སྡོད་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་སྲིད་གཞུང་གི་ལས་དོན་རུ་ཁག་གི་རུ་དཔོན་ཁྲེན་ལི་པིན་གྱིས“ཡུལ་སྐོར་བའི་འཛད་སྤྱོད་དགོས་མཁོ་སྐོང་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱས་ནས་གྲོང་མི་དང་ཡུལ་སྐོར་བའི་དབར་སྐད་བརྡ་འཕྲོད་པ་བྱས་ཡོད”ཅེས་ངོ་སྤྲོད་བྱས།

    སྤེལ་རེས་དང་མཉམ་འདྲེས་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་། སྤོ་བོ་རྫོང་གིས་མི་རིཌ་མཐུན་སྒྲིལ་ལས་དོན་དེ་མང་ཚོགས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་བསྟུན་མཁས་ཀྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གཏོད་པར་སྐུལ་འདེད་བཏང་ཡོད།

    “སྐད་གཉིས”སློབ་སྦྱོང་སློབ་གསོར་མཐོང་ཆེན་བྱས་ཤིང་། སྤོ་བོ་རྫོང་གིས་ཐོག་མཐའ་བར་གསུམ་དུ“སྐད་གཉིས”སློབ་གསོ་དེ་མི་རིགས་མཐུན་སྒྲིལ་གྱི་རྨང་གཞིའི་འདུ་འགོད་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་བོད་རྒྱ“སྐད་གཉིས”ཕན་ཚུན་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཡོད། དེ་དང་ཆབས་ཅིག་གྲོང་སྡོད་དང་དགོན་སྡོད་ལས་བྱེད་པ་ཚོས་རང་འགུལ་ངང་ཞིང་འབྲོག་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་དང་ངོ་ཐུག་གདོང་འཕྲད་ངང“སྐད་གཉིས”སྦྱོང་བ་དང“སྐད་གཉིས”སྤྱོད་རྒྱུར་ལྕག་སྐུལ་ཧུར་ཐག་བྱས་པས་ཕན་ཚུན་དབར་གྱི་བརྩེ་སེམས་དང་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད།

    མི་རིགས་ལས་བྱེད་པ་གསོ་སྐྱོང་ལ་མཐོང་ཆེན་བྱས་ཤིང་། སྤོ་བོ་རྫོང་གིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་། འདེམས་བསྐོ། བཀོལ་སྤྱོད་བཅས་བྱ་རྒྱུ་དེ་རྩ་བ་དམ་འཛིན་དང་ཕུགས་ལ་ཕན་པའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ལས་ཀའི་ཐད་འཇོན་ཐང་ལྡན་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཕུལ་བྱུང་དང་ལྷག་པར་དུ་ན་གཞོན་ལས་བྱེད་པ་རིམ་པ་ཁག་གི་འགོ་ཁྲིད་ལ་བསྐོ་གཞག་བྱེད་པ་དང་འབྲེལ་ཁོང་ཚོས་གསར་འབྱེད་གསར་གཏོད་དང་བློ་ཁོག་ཆེན་པོས་ལས་དོན་སྒྲུབ་པར་རྒྱབ་སྐྱོར་ཡང་བྱས་ཡོད།

    ཀོང་ཏུང་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་སྤེལ་རེས་ལ་མཐོང་ཆེན་བྱས་ཤིང་། སྤོ་བོ་རྫོང་གིས་ཀོང་ཀྲོའུ་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་གྱི་ལེགས་ཆ་གང་ལེགས་སྤྱད་དེ་ལྗོངས་ཡོངས་ཀྱིས“ཆུས་དང་ཤང་སྦྲེལ་མཐུད”(ཀོང་ཀྲོའུ་གྲོང་ཁྱེར་གྱི་ཆུས་10ཡིས་སྤོ་བོའི་ཤང་དང་གྲོང་རྡལ་10ལ་ཁ་གཏད་རོགས་སྐྱོར་བྱེད་པའི)རོགས་སྐྱོར་མཉམ་ལས་སྒྲོམ་གཞི་གསར་གཏོད་བྱས་ཏེ་ལྗོངས་ཕྱི་དང་སྤོ་བོའི་མི་རིགས་ཁག་དབར་འགྲོ་འོང་དང་། མཉམ་འདྲེས། འཕེལ་རྒྱས་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། “ནང་དུ་གདན་དྲངས་པ”དང“ཕྱིར་སྐྱོད་པ”སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་པ་ལས་ས་གནས་གཉིས་པོའི་སྤེལ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག་སྤོ་བོ་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་བསམ་བློར་བཅིངས་འགྲོལ་ཐོབ་པ་དང་། མཐོང་རྒྱ་ཆེ་རུ་ཕྱིན་པ། འཇོན་ཐང་ཆེ་རུ་ཕྱིན་པ་མ་ཟད། མི་རིགས་ཁག་གིས་ཐུན་མོང་ཐོག་ཐོན་སྐྱེད་དང་། འཚོ་བ། ལས་ཀ སློབ་སྦྱོང་བཅས་བྱེད་རིང་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས། ཕན་ཚུན་སློབ་སྦྱོང་བཅས་བྱས་ནས་ས་གནས་གཉིས་པོའི་མི་དམངས་དབར་གྱི་བརྩེ་སེམས་ཟབ་ཏུ་ཕྱིན་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་ཐེབས་ཁར་ས་གནས་གཉིས་པོའི་མང་ཚོགས་དབར་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་གི་མཉམ་མྱོང་། སེམས་པ་གཅིག་འབྲེལ་བཅས་ཀྱི་ཟོལ་མེད་ཀྱི་བརྩེ་སེམས་ཟབ་ཏུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།