དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སོན་བཟང་སྤྲད་ནས་དགུན་འདེབས་ལ་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-13

    འདི་ནི་མལ་གྲོ་གུང་དཀར་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་དོན་མི་སྣས་མང་ཚོགས་ལ་སོན་བཟང་སྤྲོད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས“སྔ་ཙམ་བཀོད་སྒྲིག་དང་སྔ་ཙམ་དོན་འཁྱོལ”མཐའ་འཁྱོངས་དང་། མ་དངུལ་གྲབས་གསོག་ཧུར་ཐག གཏོང་འདྲེན་སྒྲིག་འཛུགས་བཅས་བྱས་ནས་དགུན་འདེབས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་པ་རེད། མིག་སྔར། རྫོང་དེའི་སྟོན་བསྡུའི་ལས་དོན་མཇུག་འགྲིལ་གྲབས་ཡོད་ཅིང་། སྟོན་རྨོད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ལ། ས་ཞིང་མུའུ་3442རྨོད་ཟིན་ཡོད། མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་སྲིད་གཞུང་གིས་གཅིག་གྱུར་ཉོ་སྒྲུབ་བྱས་པའི་དགུན་གྲོ(ལྷོ་ཁའི་དགུན་གྲོ་ཨང་7པའི་སོན)རྒྱ་མ་ཁྲི་10དང་རྫས་ལུད་ཏུན་82.3ཞིང་དུད་ལ་སྤྲད་ནས། སོན་བཟང་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།