དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-12

    ● 《ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་རིམ་དབྱེ་རིགས་དབྱེའི་ངང་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》དང་། 《རྒན་རྒོན་ལ་ཁ་ལག་སྟེར་རོགས་ཀྱི་ཞབས་ཞུའི་བྱ་སྤྱོད་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》 《ཁེ་བེད་བདག་ཐོབ་གཞན་སྒྱུར་བེད་སྤྱོད་ཀྱི་ཆེད་དོན་བྱ་སྤྱོད་ཇུས་གཞི(2023ལོ་ནས་2025ལོ་བར)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས《ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་རིམ་དབྱེ་རིགས་དབྱེའི་ངང་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》དང་། 《རྒན་རྒོན་ལ་ཁ་ལག་སྟེར་རོགས་ཀྱི་ཞབས་ཞུའི་བྱ་སྤྱོད་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》 《ཁེ་བེད་བདག་ཐོབ་གཞན་སྒྱུར་བེད་སྤྱོད་ཀྱི་ཆེད་དོན་བྱ་སྤྱོད་ཇུས་གཞི(2023ལོ་ནས་2025ལོ་བར)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུར་ནན་བཤད་བྱས་དོན། སྤྱི་ཚོགས་རོགས་སྐྱོབ་ནི་སྤྱི་ཚོགས་འགན་ལེན་མ་ལག་ཁྲོད་ཀྱི་ཐ་སྐྱོང་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་རེད། དེས་ན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཡོང་འབབ་དམའ་བའི་མི་འབོར་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། དེ་བས་གནད་སྨིན་དང་། དུས་ཐོག ནུས་ལྡན་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ་དང་། རིམ་དབྱེ་རིགས་དབྱེ། ཕྱོགས་བསྡུས་ནུས་ཆེ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོབ་རྣམ་པ་ཞིག་མགྱོགས་མྱུར་ཆགས་པར་བྱས་ནས་དམངས་འཚོའི་ཐ་སྐྱོང་འགན་ལེན་གྱི་བདེ་འཇགས་དྲ་བ་དེ་བས་ཚགས་དམ་པ་དང་དེ་བས་བརྟན་པོ་ཡོང་བ་བྱེད་དགོས། རིམ་ཁག་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་བཏང་སྟེ་གནོད་འཚེ་ཕོག་པ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐ་སྐྱོང་འགན་ལེན་ཏན་ཏིག་བྱེད་པ་དང་། རོགས་སྐྱོབ་མ་དངུལ་དང་འགན་ལེན་མ་དངུལ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བཅས་བྱས་ཏེ་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་བྱེད་དགོས།

    ཚོགས་འདུར་བསྟན་དོན། རྒན་རྒོན་ལ་ཁ་ལག་སྟེར་རོགས་ཀྱི་ཞབས་ཞུ་འཕེལ་རྒྱས་གཏོང་རྒྱུ་ནི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པ་དང་། ཁྱིམ་དང་སྡེ་ཁུལ་གྱི་རྒན་གསོ་དང་རྒན་རྒོན་ལ་བདེ་སྐྱིད་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། དེས་ན། རྒན་རྒོན་ལ་ཁ་ལག་སྟེར་རོགས་ཀྱི་ཞབས་ཞུ་འཕེལ་རྒྱས་གཏོང་རྒྱུ་དེ་དམངས་ལ་བྱ་བ་དངོས་སྒྲུབ་པའི་གལ་ཆེའི་ནང་དོན་ཞིག་ཏུ་བརྩི་བ་དང་། ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཧུར་བརྩོན་བརྟན་བརླིང་དང་ཡུལ་བབ་དང་བསྟུན་པའི་སྒོ་ནས་རྒན་རྒོན་ལ་ཁ་ལག་སྟེར་རོགས་ཀྱི་ཞབས་ཞུ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་གཟིགས་སྐྱོང་རང་བཞིན་གྱི་བྱ་ཐབས་སྤྱད་དེ་གྲོང་གསེབ་ས་ཁུལ་གྱིས་ཞབས་ཞུ་མཁོ་འདོན་བྱེད་རྒྱ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།