དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་གནས་ཚུལ་ཚང་མ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་སྐྱེ་ཁམས་ཁོར་ཡུག་པུས་རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་དྲུག་པའི་ཧོ་པེ་ཞིང་ཆེན་དང་། ཅང་སུའུ་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས། བོད་རང་སྐྱོང་ལྗོངས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་ཡོངས་བསྒྲགས་ངང་ལྟ་བཤེར་གྱི་དག་ཐེར་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། དེར་བརྟེན་རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་གནས་ཚུལ་ཚང་མ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པ་རེད།

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2019ལོ་ནས་2022ལོའི་བར། རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་དྲུག་ལ་དབྱེ་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་། ཤིན་ཅང་ཐོན་སྐྱེད་འཛུཊ་སྐྲུན་པིང་ཐོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་2 ཀྲུང་དབྱང་ཁེ་ལས་6བཅས་ལ་ལྟ་བཤེར་བྱས་ཟིན་པ་རེད།

    ལྟ་བཤེར་དག་ཐེར་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་དང་ལྟ་བཤེར་ལས་དོན་གྱི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་རེད། 2023ལོའི་ཟླ་དྲུག་པའི་ཟླ་མཇུག་བར། རེས་སྐོར་གཉིས་པའི་ལྟ་བཤེར་དག་ཐེར་ཇུས་གཞིའི་ནང་གཏན་འབེབས་བྱས་པའི་དག་ཐེར་ལས་འགན་2164ཡི་ནང་རྣམ་གྲངས་1398ལེགས་གྲུབ་ཟིན་ནས་ལེགས་གྲུབ་བྱུང་ཚད་65%ཟིན་པ་དང་། དེ་བྱིངས་ཀྱི་དག་ཐེར་ལས་འགན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད།

    ཞིང་ཆེན་དང་རང་སྐྱོང་ལྗོངས་5དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ལྟ་བཤེར་དག་ཐེར་ལ་གྲུབ་འབྲས་མངོན་གསལ་ཐོབ་ནས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གལ་ཆེན་མང་དག་ཅིག་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།