དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷོ་ཁའི་ཡུལ་སྐོར་ཁྱབ་གདལ་དང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ཧུའུ་པེར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-12

    ཉེ་ཆར། ལྷོ་ཁའི་ཡུལ་སྐོར་ཁྱབ་གདལ་དང་ཚོང་འགུགས་མ་འདྲེན་གྱི་ཧུའུ་པེའི་ཆེད་དོན་འོས་སྦྱོར་ཚོགས་འདུ་ཝུའུ་ཧན་གྲོང་ཁྱེར་དུ་འཚོགས་ཤིང་། ཡར་ཀླུང་ས་གཞི་ཆེ་མོའི་ཐོན་ཁུངས་ཀྱི་ལེགས་ཆ་དང་གཟིགས་སྐྱོང་ཆེ་ཤོས་ཀྱི་ཡུལ་སྐོར་རོགས་སྐྱོར་བྱ་དགའ་དང་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་ལ་ཧུའུ་པེ་ཞིང་ཆེན་གྱི་རྒྱ་ཆེའི་ཡུལ་སྐོར་བ་དང་ཁེ་ལས་ཀྱི་དགའ་བསུ་ཐོབ་པ་རེད། འོས་སྦྱོར་ཚོགས་འདུར་ཁེ་ལས་དང་ཚོང་པ་260ཞུགས་ཤིང་། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཧུའུ་པེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དབར་འགྲུལ་རྒྱུན་བོད་སྐྱོར་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ལྷོ་ཁའི་རྫོང(ཆུས)ཁག་གི་སྲིད་གཞུང་དང་ཧུའུ་པེའི་པོ་ཏ་སྐྱེ་དངོས་མ་རྐང་དང་། ཧུའུ་པེའི་ཧུང་ནུང་ཞིང་འབྲོག ཧྲེན་ཀྲེན་གྱི་ཡུལ་དུས་ཚན་རྩལ། པེ་ཅིང་ཧྲེང་ཀྲེ་ཚན་རྩལ་སོགས་ཁེ་ལས་8ཀྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་ལ་ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པ་དང་གན་བཞག་དངུལ་འབོར་སྒོར་དུང་ཕྱུར་27.5ཙམ་ཟིན་ཡོད་པ་རེད།

    ས་གནས་ས་ཐོག་གི་འོས་སྦྱོར་དང་། མི་རིགས་ཀྱི་གླུ་གར་འཁྲབ་སྟོན། རིག་གནས་གསར་གཏོད། དེ་བཞིན་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དང་འགྲེམས་ཚོང་བྱས་པ་བརྒྱུད། ལྷོ་ཁའི་འཐུས་མིས་ཡར་ལྷ་ཤམ་པོ་དང་། ཆུ་མདོ་སྒང་རྩྭ་ཐང་། ཡར་ཀླུང་གཙང་པོའི་རོང་ཆེན་སོགས་ཡུལ་སྐོར་ཐོན་ཁུངས་སྤུས་ལེགས་དང་དེ་བཞིན་བཟའ་བཏུང་དང་། སྡོད་གནས། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་སོགས་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོ་རེ་རེ་བཞིན་འགྲེམས་སྟོན་བྱས་ནས་ས་གནས་ས་ཐོག་གི་སྐུ་མགྲོན་ལ་ལྷོ་ཁའི་ཡུལ་སྐོར་གནས་མཆོག་ཚང་མ་མངོན་པར་བྱས་པ་རེད།

    དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་ཧུའུ་པེ་ཞིང་ཆེན་གྱི་འབྲེལ་ཡོད་ཁེ་ལས་དང་ཡུལ་སྐོར་ཚོང་པར་ཕྱོགས་ནས་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་དང་ཡུལ་སྐོར་ཐོན་ལས་ལ་རོགས་སྐྱོར་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ངོ་སྤྲོད་དང་གསལ་འགྲེལ་བྱས་ཏེ་ཐོན་ལས་རོགས་སྐྱོར་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག ཟོག་འགྲེམས། ཚོང་འགུགས་ཞབས་ཞུ། ས་གྲོལ་དཔལ་འབྱོར་ལ་རྒྱབ་སྐྱོར་སོགས་ཀྱི་ཐད་བྱ་དགའ་དང་ཁ་གསབ་སྤྲད་པ་དང་། ལྷོ་ཁའི་ཡུལ་སྐོར་ཁྲོམ་ར་གསར་འབྱེད་དང་། ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོ། དེ་བཞིན་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་ཞུགས་མཁན་ལ་རོགས་སྐྱོར་བྱ་དགའ་སྤྲད་པ་རེད།

    འོས་སྦྱོར་ཚོགས་འདུ་འཚོགས་རྗེས། ལྷོ་ཁའི་འཐུས་མིས་ད་དུང་ཧུའུ་པེ་ཡི་གཙོ་གནད་ཡུལ་སྐོར་ཚོང་དུད་ལ་བཅར་འདྲི་བྱས་པ་དང་འབྲེལ། འབྲེལ་ཡོད་Aརིམ་པའི་མཛེས་ལྗོངས་ཁུལ་དང་། སྤྲོ་གསེང་ཁུལ། དེ་བཞིན་ཕུལ་བྱུང་ཡུལ་སྐོར་ཁེ་ལས་བཅས་ལ་རྟོག་ཞིབ་གྲོས་མོལ་བྱས་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་ཁོར་ཡུག་བཟང་པོ་དང་། གཟིགས་སྐྱོང་སྲིད་ཇུས། སྤུས་ལེགས་ཞབས་ཞུ། གླིང་ཁུལ་བཅས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས་ཏེ་ཁེ་ལས་དང་ཡུལ་སྐོར་ཚོང་པས་ལྷོ་ཁར་མ་འཇོག་བྱེད་པར་ཡོང་རྒྱུའི་གདན་ཞུ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།