དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱིས་གྲོང་གསེབ་སྡོད་ཁང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-12

    ཉེ་ཆར་གསར་འགོད་པས་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར། 2020ལོའི་ཟླ་10པར་རང་ལྗོངས་ཀྱིས་གྲོང་གསེབ་སྡོད་ཁང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱས་པ་ནས་བཟུང་། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པའི་གཙོ་གནད་ལས་འགན་ལ་བརྩི་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་གྲོང་གསེབ་ཀྱི་སྡོད་ཁང་གི་སྤུས་ཚད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ཐོག་མཐའ་བར་གསུམ་དུ་སེམས་ལ་བཞག་ནས་གྲོང་གསེབ་ཀྱི་སྡོད་ཁང་གི་སྤུས་ཚད་ལེགས་སུ་ཤུགས་ཆེན་བཏང་ཡོད། རིམ་རྩིས་བྱས་ན་དུད་ཚང་ཁྲི་48.5ཡི་གྲོང་གསེབ་ཀྱི་སྡོད་ཁང་ལ་གྲལ་བཤེར་བྱས་པ་དེ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་ཁང་ཚང་མར་ཁྱབ་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།

    ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་ཁང་ལ“ལེབ་བཤེར་རྣམ་པའི”བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་དུད་ཚང་9872ཡོད་པ་དང་། རིམ་པ་Cདང་Dཡི་ཉེན་ཡོད་སྡོད་ཁང་དུད་ཚང་6031ཡོད་པ་རེད། “ཉེན་ཡོད་སྡོད་ཁང་དུ་མི་མི་སྡོད་པ་དང་མི་སྡོད་ས་ཉེན་ཡོད་སྡོད་ཁང་མིན་པའི”རྩ་དོན་མཐའ་འཁྱོངས་ཀྱིས་རིམ་པ་དང་རིགས་དབྱེ་ནས་ཆ་འཕྲིན་གྱི་རྩིས་ཁྲ་བཟོས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་གྲོང་གསེབ་ཀྱི་སྡོད་ཁང་ལ་བརྡར་ཤ་རགས་ཙམ་བཅད་པ་དང་། དུས་ཐོག་ཏུ་སྡོད་ཁང་གི་བདེ་འཇགས་ལ་ཚོད་སྐོར་རམ་ཡང་ན་ཆོད་སྡོམ་བྱས་ནས་རིམ་པ་Cདང་Dཡི་ཉེན་ཡོད་སྡོད་ཁང་ལ་ལས་གྲྭའི་བྱ་ཐབས་སྤྱད་དེ་སྤྱོད་མཚམས་འཇོག་དགོས་རིགས་སྤྱོད་མཚམས་བཞག་པ་དང་། བཤིག་དགོས་རིགས་བཤིག་ཏུ་བཅུག་པ། བརྟན་དུ་གཏོང་དགོས་རིགས་བརྟན་དུ་བཏང་ནས“ལེགས་སྒྲུབ་བྱུང་རིམ་བཞིན་ཐོ་བསུབ་པའི”དོ་དམ་བྱེད་སྟངས་ལག་ལེན་བསྟར་ཏེ་བཅོས་སྒྲིག་བྱས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་ཁང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ཚང་མ་ལེགས་སྒྲུབ་ཟིན་པ་དེ་གཏན་འཁེལ་བྱས་པའི་དུས་ཚོད་ལས་ཟླ་གཅིག་གི་སྔོན་ལ་ལེགས་སྒྲུབ་ཟིན་ནས་རང་ལྗོངས་ཀྱི་གྲོང་གསེབ་མི་འབོར་གྱི་སྡོད་ཁང་གི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།