ཅང་སུའུ་ལན་ཡུན་ཀང་ནས་རིམ་རྩིས་བྱས་ན་ལོ་བཅུའི་རིང་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་5000ལྷག་ཙམ་བཏང་བ།
ཀྲུང་ཧ(ལན་ཡུན་ཀང)ཟོག་འགྲེམས་མཉམ་ལས་རྟེན་གཞི་ནི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གྲོས་འགོ་དོན་འཁྱོལ་ཐུབ་པའི་དངོས་གཞིའི་རྣམ་གྲངས་ཐོག་མ་དེ་ཡིན་ཞིང་། 2014ལོའི་ཟླ་7པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན་ནས་2023ལོའི་ཟླ་9པའི་ཟླ་མཇུག་བར། རིམ་རྩིས་བྱས་ན་རྟེན་གཞི་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་5000ལྷག་ཙམ་བཏང་ནས། དངོས་ཟོག་མཛོད་ཁང་ནས་འདོན་འཇུག་བྱེད་ཚད་ཏུན་ཁྲི་3229ཟིན་ཡོད། ད་ཆ། ཀྲུང་ཧ(ལན་ཡུན་ཀང)ཟོག་འགྲེམས་མཉམ་ལས་རྟེན་གཞི་དེ་རིམ་བཞིན་ཨེ་ཤེ་ཡ་དབུས་རྒྱུད་ཀྱི་རྒྱལ་ཁབ་ལྔ་པོའི་རྒྱལ་སྒྲོལ་སྐྱེལ་འདྲེན་དང་། མཛོད་འཇུག་ཟོག་འགྲེམས། ཚོང་དོན་འགྲོ་འོང་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ལས་སྟེགས་ལ་གྱུར་ཡོད་པ་རེད། འདི་ནི་དོས་སྒམ་བྱུར་པོར་བླུགས་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཀྲུང་ཧ(ལན་ཡུན་ཀང)ཟོག་འགྲེམས་མཉམ་ལས་རྟེན་གཞི་ནས་ཐོན་གྲབས་ཡོད་པ།